རྒེད་འོག་གདམ་ངོའི་འཛོམས་འདུ་ནང་འོང་མི་ འཛོམས་མི་མི་སེར་ཚུ།

སྤུ་ན་ཁ་གི་ རྒེད་འོག་༤ ནང་ གདམ་ངོ་འི་འཛོམས་འདུ་མཇུག་བསྡུ་ཡོདཔ།

སྤུ་ན་ཁ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་གདམ་ངོའི་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༥ ལས་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་ རྒེད་འོག་༤ གི་ འཛོམས་འདུ་མཇུག་བསྡུ་མི་དེ་ནང་ མི་ངོ་༣ གདམ་འཐུ་གྲུབ་ནུག།

ཁ་ཙ་ འཛོམས་མི་རྒེད་འོག་གི་ འཛོམས་འདུ་ནང་ གློག་བརྙན་འཁྲབ་རྩེདམོ་ ལྷ་སྐྱིད་སྒྲོལ་མ་གིས་ དགོ་གི་ཚོགས་རྒྱན་༢༧༩ དང་ མི་དགོ་གི་ཚོགས་རྒྱན་༣༥ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།

ལྷ་སྐྱིད་སྒྲོལ་མ་གིས་ སྐད་ཡིག་དང་ལམ་སྲོལ་སློབ་ཁང་ལས་ ནང་རིག་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༣ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་བཙག་འཐུ་ཆོས་རྒྱུགས་ནང་ལས་ ཨང་༢ པ་ཐོན་ཡོདཔ་ཨིན་པས།

འཛོམས་མི་རྒེད་འོག་ནང་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་༡,༤༨༥ དེ་ཅིག་ཡོད་མི་ལས་༣༡༤ ཚོགས་རྒྱན་བསྐྱུར་བར་ འོང་ཡོདཔ་ཨིན་པས།

ད་རུང་ སྟོད་པའི་ས་རྒེད་འོག་ནང་ཡང་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོ་ཕུད་རྡོག་གཅིག་ལས་ མ་ཐོན་མི་ བདེ་ཆེན་མཐའ་ཡས་རྡོ་རྗེ་གིས་ དགོ་གི་ཚོགས་རྒྱན་༢༡༧ དང་ མི་དགོ་གི་ཚོགས་རྒྱན་༢༨ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།

ཚོང་སྡེ་ཅིག་གི་ གྲོས་དཔོན་གཙོ་འཛིན་དང་ ཁྲིམས་རྩོདཔ་བགྲེསཔ་ཅིག་ཨིན་མི་ བདེ་ཆེན་མཐའ་ཡས་རྡོ་རྗེ་ལུ་ ནང་རིག་དང་ ཁྲིམས་དོན་གྱི་ མཐོ་རིམ་ཤེས་ཚད་ལག་ཁྱེར་ཡོདཔ་ཨིན་པས།

སྟོད་པའི་ས་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡,༩༤༩ ཡོད་རུང་ འཛོམས་འདུ་ནང་ མི་༢༤༥ ལས་བརྒལ་ མ་འོང་པས།

སྤྱི་ཟླ་༣ པའི་ཚེས་༥ ལུ་ བརཔ་རྒེད་འོག་གིས་ ཀུན་ལེགས་དབང་ཕྱུག་ལུ་ དགོ་གི་ཚོགས་རྒྱན་༢༠༤ དང་ མི་དགོ་གི་ཚོགས་རྒྱན་༢༣ བཙུགས་ཐོག་ལས་ གདམ་ངོ་སྦེ་ གདམ་འཐུ་འབད་ནུག།

སློབ་གྲྭའི་སློབ་དཔོན་དང་ དབུ་འཛིན་བགྲེསཔ་ཨིན་མི་ ཀུན་ལེགས་དབང་ཕྱུག་ལུ་ མི་མང་བདག་སྐྱོང་ནང་ གཙུག་ལག་གོང་མའི་ཤེས་ཚད་ཡོད་པའི་ཁར་ འགོ་ཁྲིདཔ་དང་འཛིན་སྐྱོང་ནང་ དྲིབ་ལོ་མའི་ ལག་ཁྱེར་ཡོདཔ་ཨིན་པས།

བརཔ་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༣༣༤ ཡོད་ས་ལས་༢༢༧ ཚོགས་རྒྱན་བཙུགས་པར་འོང་ནུག།

རྫོང་ཁག་ནང་ རྒེད་འོག་༡༡ ཡོད་མིའི་ནང་ མི་ངོམ་༡༠ ཐོན་ཡོད་མིའི་གྲས་ལས་༢ ཨམ་སྲུ་ཨིནམ་ད་ ད་ལྟོ་ འཛོམས་འདུ་རྐྱབ་དགོཔ་༧ ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *