སྲོག་རྐྱབ་འབད་མི་ཚུ་གིས་ སྤ་ཆུ་ནང་ ཐོགས་ལུས་མི་ སྲོག་སྐྱབས་འབད་བའི་བསྒང་།

སྤ་རོ་ལུ་ ཕོ་སྐྱེས་༤ དོ་དམ་འོག་ལུ་བཞག་ཡོདཔ།

༉ སྤ་རོ་ལུ་ ཕོ་སྐྱེས་གཉིས་ཀྱིས་ སྣུམ་འཁོར་༤ བཅག་དཀྲུམས་འབད་བའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༡ གི་ནུབ་མོར་ ཆང་གིས་འགྲངས་མི་ དོགས་ཅན་གཉིས་ཀྱིས་ སྤ་རོ་ཁྲོམ་ཁར་ བཀག་བཞག་མི་ སྣུམ་འཁོར་༤ ལུ་ གནོདཔ་བཀལ་ནུག་ཟེར་ཨིན་པས།
དེ་བསྒང་མཐོང་མི་ སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ དོགས་ཅན་༢ ཀྱིས་ སྣུམ་འཁོར་ཚུ་ལུ་ རྡོག་ཐལ་བརྡུངས་ རྡོ་བླུགས་ཏེ་ ནང་ན་འཛུལ་ཞིནམ་ལས་ སྒྲ་འཛིན་ཚུ་ དཀྲོགས་ཡོདཔ་མ་ཚད་ སྣུམ་འཁོར་གྱི་ ཐོག་ཁར་འཛེགས་ཏེ་ ཆུ་བཏང་སྡོད་ནུག་ཟེར་ཨིན་པས།
བཅག་དཀྲུམས་ནང་ གྲལ་གཏོགས་འབད་མི་ཅིག་ ཟ་ཁང་ནང་ ལཱ་འབདཝ་མ་ཚད་ གཞན་དེ་ ཨེ་པཱལ་ལྡུམ་ར་ནང་ ལཱ་འབད་མི་ཨིནམ་ད་ ཁོང་༢ གཅིག་གིས་གཅིག་ལུ་ ངོ་མ་ཤེས་ཨིན་རུང་ ལམ་ཁར་ཕྱད་དེ་ ཁྲོམ་ཁར་སོང་པའི་ཤུལ་ལུ་ བྱ་ངན་འབད་ནུག་ཟེར་ཨིན་པས།
ད་རུང་ སྤ་རོའི་ཁྲིམས་སྲུང་འགག་པ་དང་ བསྟན་སྲུང་དམག་མི་ཚུ་གིས་ དེ་ཚེ་ཕྱི་རུ་ སྤ་ཆུ་ནང་ ཉ་བཟུང་པར་འགྱོ་བའི་སྐབས་ ཆུའི་བར་ན་ཐོགས་ལུས་མི་ ཕོ་སྐྱེས་གཞན་གཉིས་ཡང་ སྲོག་སྐྱབས་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༡ གི་ནུབ་མོར་མེདཔ་བཏང་མི་ སྣུམ་འཁོར།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་གཉིས་ཀྱིས་ བོང་སྡེ་ཟམ་གྱི་ ཉེ་འདབས་ལུ་ ཉ་བཟུང་སྡོད་པའི་སྐབས་ ཕོ་སྐྱེས་༡ ཆུ་ནང་ཐོགས་ལུས་ཡོདཔ་ལས་ ཕོ་སྐྱེས་གཞན་གྱིས་ ཆ་རོགས་འབད་བར་འགྱོཝ་ད་ ཁོ་ཡང་ སྤ་ཆུ་ནང་ལས་ ལོག་ཐོན་མ་ཚུགས་པར་ ཆ་རོགས་གཞན་ཚུ་ལུ་ འགྲུལ་འཕྲིན་བཏང་ནུག་ཟེར་ཨིན་པས།
ཆ་རོགས་གཞན་ཚུ་གིས་ རྐྱེན་ངན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཆུ་ཚོད་༥ དེ་ཅིག་གི་ཤུལ་ལས་ དྲོ་པའི་ཆུ་ཚོད་༡ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་དང་ བསྟན་སྲུང་དམག་མི་ཚུ་གིས་ ཐགཔ་ལག་ལེན་འཐབ་ཐོག་ལས་ ཕོ་སྐྱེས་༢ བཏོན་ཚུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕོ་སྐྱེས་གཉིས་ཀྱིས་ ཉ་བཟུང་ནིའི་ ཅ་ལ་ཚུ་ག་ར་ བཀོག་བཏང་ཡོདཔ་ཨིན་རུང་ ཁོང་གཉིས་ཆ་ར་ དོ་དམ་འོག་ལུ་ བཞག་ཡོད་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *