དམ་ཆེན་ནང་ གཡུས་མི་ཚུ་གི་རྟ།

སྤ་རོ་དམ་ཆེན་ནང་གཡུས་མི་ཚུ་ ནད་ཡམས་ལུ་བརྟེན་ རྟ་ཚུ་ལཱ་མེད་པར་ལུས་ཡོདཔ།

༉ ཨེ་པཱལ་གྱི་ཐོན་སྐྱེད་མར་བབས་སོང་མི་དང་ ཚོད་བསྲེ་ཚུ་ལུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་ལུ་བརྟེན་ སྤ་རོ་རྫོང་ཁག་ དམ་ཆེན་ནང་གི་ གཡུས་མི་ཚུ་ ལོ་ངོ་༡༥ དེ་ཅིག་ འཚོ་བ་རྟ་ལུ་བརྟེན་ སྡོད་ཡོདཔ་ཨིན་པས།

ཁྱིམ་གུང་༢༠ ལྷགཔ་ཅིག་ཡོད་པའི་ གཡུས་ཚན་ནང་ རྟ་༣༠༠ དེ་ཅིག་ཡོདཔ་བཞིན་དུ་ རྟ་ཚུ་ག་ར་ ལྟ་བཤལ་པའི་ དོས་སྐྱེལ་འདྲེན་འབད་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

འདས་པའི་ལོ་༡ ནང་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ རྒྱལ་ཁབ་ནང་ ལྟ་བཤལ་དང་འབྲེལ་བའི་ ལས་སྣ་མེདཔ་ལས་ ཁོང་གི་འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་ཅི་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།

བསོད་ནམས་ཀྱིས་ སླབ་མིའི་ནང་ ཁོ་ལུ་ རྟ་༡༥ ཡོདཔ་ད་ ལོ་བསྟར་བཞིན་དུ་ ལྟ་བཤལ་པའི་དོན་ལུ་ རྟ་དང་འབྲེལ་བའི་ཞབས་ཏོག་བྱིན་མི་གིས་ འོང་འབབ་དངུལ་ཀྲམ་འབུམ་༣ དེ་རེ་ བཟོ་ཚུགས་ཟེར་ཨིན་པས།

ནད་ཡམས་ལུ་བརྟེན་ ལོ་གཅིག་ལྷགཔ་ཅིག་གི་རིང་ རྟ་ཚུ་ལཱ་མེད་པར་བཞག་དགོཔ་ལས་ རྟའི་ཆག་དང་ རྩྭ་ཆག་ཉོ་ནི་ལུ་ གདོང་ལེན་བྱུང་པའི་ཁར་ སོག་མ་སྣུམ་འཁོར་ཌི་སི་ཨེམ་རེ་ལུ་ དངུལ་ཀྲམ་༧,༠༠༠ རེ་གནས་དོ་ཡོདཔ་ད་ ལོ་རེ་ནང་ སྣུམ་འཁོར་དོས་༥ དེ་རེ་ ཉོ་དགོཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྟ་ཚུ་ གཡོག་བཀོལ་ནི་ ཡོད་རུང་མེད་རུང་ འཚོ་སྐྱོང་འཐབ་ནིའི་འགན་ཁུར་དེ་ ཇོ་བདག་ལུ་ ཕོག་སྟེ་ཡོད་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ ཁོ་གིས་ ལ་བཤལ་ཐེངས་༢ སོང་མི་གིས་ འོང་འབབ་དངུལ་ཀྲམ་༡༠,༠༠༠ བཟོ་ཡོདཔ་ད་ འབྲུག་མི་རེ་གཉིས་མ་གཏོགས་ རྟ་གི་ཞབས་ཏོག་ལེན་མི་མེདཔ་ད་ ཞབས་ཏོག་ལེན་མི་ཚུ་གིས་འབད་རུང་ གླ་ཆ་ཉུང་སུ་སྦེ་ སླབ་མས་ཟེར་ཨིན་པས།

པ་སངས་རྡོ་རྗེ་གིས་ འབད་བ་ཅིན་ སྤྱིར་བཏང་ ལྟ་བཤལ་ལུ་བརྟེན་པའི་ རྟའི་དོས་སྐྱེལ་ཏེ་ ཁེ་སང་ལེགས་ཤོམ་བཟོ་ཚུགས་མི་ལུ་བརྟེན་ ཁྱིམ་གུང་ག་ར་གི་ སྐྱིན་འགྲུལ་ཞུ་སྟེ་ རྟ་ཉོ་ཡོདཔ་ད་ གནམ་ལོ་༢༠༢༠ ལུ་ ལྟ་བཤལ་ལེ་ཤ་འོང་བའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།

ཁོང་གིས་ རྟ་རེ་ལུ་དངུལ་ཀྲམ་༥༠,༠༠༠ རེ་དང་ རྟ་དྲེལ་རེ་ལུ་ དངུལ་ཀྲམ་འབུམ་རེ་སྦེ་ ཉོཝ་ཨིན་ཟེར་ཨིན་པས།

ན་ཧིང་གནམ་དགུན་ལུ་ ཤར་ཕྱོགས་རྫོང་ཁག་ནང་ ཚལ་ལུ་ཚོང་འབྲེལ་དོན་ལུ་ སོང་ཡོད་རུང་ ཚལ་ལུ་གི་ ཐོན་ཤུགས་ལེགས་ཤོམ་མེད་མི་དང་ ནད་ཡམས་ལུ་བརྟེན་ ཁེ་སང་ལེགས་ཤོམ་མེདཔ་ལས་ ཟླ་ངོ་༡ ནང་ འོང་འབབ་དངུལ་ཀྲམ་༥༠,༠༠༠ མ་གཏོགས་ བཟོ་མ་ཚུགས་ཟེར་ཨིན་པས།

གཡུས་མི་ལ་ལོ་ཅིག་ རྟ་ལུ་བརྟེན་ ཉེས་ཆད་ཡང་ བཏབ་དགོཔ་ཐོན་ཡོདཔ་ཨིན་པས།

དམ་ཆེན་ནང་གི་ རྟ་གི་ཁག་འབགཔ་ བཙན་དྲག་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་ནང་ གཡུས་མི་གཅིག་གི་རྟ་༢༠ གིས་ ལོ་ཐོག་ལུ་གནོདཔ་བཀལ་ཏེ་ རྒུད་འཐུས་བཏབ་མ་ཚུགས་ཟེར་ཨིནམ་ད་ རྟ་ཚུ་ཁྲོམ་ཁ་ལས་ཕར་ འཁྱམས་མི་ལུ་བརྟེན་ ཁྲོམ་སྡེ་གིས་ ཉེས་ཆད་བཀལཝ་མས་ཟེར་ཨིན་པས།

རྟ་རེ་ལུ་ ཉེས་ཆད་དངུལ་ཀྲམ་༥༠ རེ་ ཕོག་དོ་ཡོདཔ་ཨིན་པས།

ད་རེས་རྟ་གི་ ཞབས་ཏོག་བྱིན་མི་མང་ཤོས་ འབྲུག་རྒྱལ་པོ་རྒུད་གསོའི་ སྐྱིད་སྡུག་ལུ་བརྟེན་ སྡོད་དོ་ཡོད་པའིགནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ། 

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *