རྦོབ་རིལ་མི་ སྣུམ་འཁོར་བོ་ལེ་རོ།

སྣུམ་འཁོར་བོ་ལེ་རོ་ རྦོབ་རིལ་མིའི་ནང་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་བསད་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༢༧ གྱི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ བཀྲིས་གཡང་རྩེ་ལུ་ སྣུམ་འཁོར་བོ་ལེ་རོ་ཅིག་ རྦོབ་རིལ་མིའི་ནང་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ བཀྲིས་གཡང་རྩེ་ཁྲོམ་ལས་ དོག་གསུམ་ཁ་ཐུག་འགྱོ་བའི་སྐབས་ ཀི་ལོ་མི་ཊར་༡༡ དེ་ཅིག་གི་ས་གནས་ བུ་ཡངས་ཟེར་སར་ལྷོདཔ་ད་ བྱུང་ཡོདཔ་ཨིན་པས།
བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་དེ་ནང་ དེད་གཡོགཔ་བརྩིས་ཏེ་ འགྲུལ་པ་༥ སྡོད་མི་ལས་༡ ཁ་འཐུམ་མར་ བསད་ཡོདཔ་བཞིན་དུ་ གཞན་ཚུ་ གཡང་རྩེ་སྨན་ཁང་ནང་ བསྐྱལ་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྐྱེས་ལོ་༡ དང་༤ ལང་མི་ ཨ་ལོ་༢ ལུ་ གཡང་རྩེ་སྨན་ཁང་ནང་ སྨན་བཅོས་འབད་ཡོད་རུང་ འགྲུལ་པ་གཞན་མི་༢ ལུ་ རྨ་སྐྱོན་སྦོམ་ར་ བྱུང་ཡོདཔ་ལས་ དེ་ཚེ་ཕྱི་རུ་ར་ མོང་སྒར་སྨན་ཁང་ནང་ བསྐྱལ་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མོང་སྒར་ལུ་བཏང་མི་ འགྲུལ་པ་༢ ལུ་ གཟུགས་ཀྱི་ཆ་ཤས་ཚུ་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ ད་ལྟོ་ སྨན་བཅོས་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
སྣུམ་འཁོར་དེ་ འཁོར་ལམ་གྱི་འོག་ལས་མར་ མི་ཊར་༡༥༠ དེ་ཅིག་ རྦོབ་རིལ་ཡོདཔ་ད་ རྐྱེན་ངན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ལས་ ད་ལྟོ་ ཞིབ་དཔྱད་འབད་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *