སྣུམ་འཁོར་བོ་ལེ་རོ་ཅིག་ རྦོབ་རིལ་མིའི་ནང་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་བསད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ དྲོ་པ་ཁམས་ཅིག་ཁར་ མགར་ས་སྟར་ཤིང་ཐང་ལུ་ ཀི་ལོ་མི་ཊར་༢ དེ་ཅིག་ མ་ལྷོདཔ་ཅིག་ཁར་ སྣུམ་འཁོར་བོ་ལེ་རོ་ཅིག་ རྦོབ་རིལ་མིའི་ནང་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ མགར་ས་ལས་ སྤུ་ན་ཁ་ལུ་ འོང་པའི་སྐབས་ བྱུང་ཡོདཔ་ད་ སྤུ་ན་ཁ་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞིབ་དཔྱད་འབད་བའི་སྐབས་ སྣུམ་འཁོར་བོ་ལེ་རོ་དེ་ འཁོར་ལམ་ལས་མར་ མི་ཊར་༡༥༠ དེ་ཅིག་ རྦོབ་རིལ་སོ་ནུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བོ་ལེ་རོ་དེ་ནང་ དེད་གཡོགཔ་བརྩིས་ཏེ་ འགྲུལ་པ་༣ འདུག་ཟེར་ཨིནམ་ད་ སྐྱེས་ལོ་༢༤ ལང་མི་ ཚེ་འདས་དེད་གཡོགཔ་དེ་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་ཡོད་པའི་ཁར་ མགུ་ཏོ་བཅགས་དཀྲུམ་འབད་ཡོད་མི་ལུ་བརྟེན་ ཁ་འཐུམ་མར་ ཤི་སོ་ནུག་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ དེད་གཡོགཔ་དང་ འགྲུལ་པ་གཞན་དེ་ ཕྱི་ཁ་ལས་ རྨ་སྐྱོན་སྦོམ་མ་བཏོན་རུང་ ཁོང་༢ ཆ་ར་ དྲན་པ་མེད་མི་ལུ་བརྟེན་ སྤུ་ན་ཁ་སྨན་ཁང་ནང་ བསྐྱལ་ཡོད་རུང་ ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འགྲུལ་པ་༢ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོད་མི་ལས་༡ ཚབས་ཆེན་ཁང་མིག་ནང་ བཞག་ཡོདཔ་སྦེ་ གོ་ཡི་ཟེར་ཨིནམ་ད་ འགྲུལ་པ་༣ ཡོད་མི་ལས་༢ ལག་རྩལ་སྦྱོང་བརྡར་སྤེལ་ཁང་ལས་ མཐར་འཁྱོལ་མི་དང་ གཞན་མི་༡ པོ་དེ་ བཟོ་རིག་འགོ་དཔོན་ཨིནམ་བཞིན་དུ་ བྱུང་རྐྱེན་དེ་ གཉིད་ལོག་མི་ལུ་བརྟེན་ བྱུང་བྱུངམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
གནས་ཚུལ་བྱིན་མི་ཅིག་གིས་ སླབ་མིའི་ནང་ རྨ་སྐྱོན་བྱུང་མི་འགྲུལ་པ་༢ ཆ་ར་ སི་ཊི་ཨིས་ཀེན་རྐྱབ་པའི་སྐབས་ གཟུགས་ཀྱི་ནང་ན་ རྨ་སྐྱོན་དང་ ཀླདཔ་ནང་ ཁྲག་འཛུལ་འཛུལཝ་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ ཚབས་ཆེན་ཁང་མིག་ནང་ བཞག་དགོ་མི་དེ་ཡང་ དྲན་པ་མེད་མི་ལུ་བརྟེན་ ཨིན་མས་ཟེར་བའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *