སྣུམ་འཁོར་དང་འབྲེལ་བའི་ རྐྱེན་ངན་ཁག་༢ ནང་ མི་༥ ལུ་ཤི་རྐྱེན།

༉ ཁ་ཙ་ ཇོམོ་བྱག་དང་ དར་ལ་ལུ་ སྣུམ་འཁོར་གྱི་ ཐུག་རྐྱེན་ཁག་གཉིས་ བྱུང་མི་དེ་ནང་ ཨ་ལོ་༢ དང་ ཕོ་སྐྱེས་༣ ལུ་ ཤི་རྐྱེན་བྱུང་ནུག།
ཇོམོ་བྱག་ལུ་ རྡོ་སྦོམ་ཅིག་ བུད་འོངམ་ད་ སྣུམ་འཁོར་ཧའི་ལཱགསི་ལུ་ཕོགཔ་ད་ སྐྱེས་ལོ་༨ ལང་མི་ བུཚ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁོ་གི་ནུ་གཅུང་ སྐྱེས་ལོ་༡ ལང་མི་དེ་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས།
སྣུམ་འཁོར་དེ་ ཐིམ་ཕུག་ལས་ ཕུན་ཚོགས་གླིང་ལུ་ འགྱོ་བའི་བསྒང་ཨིན་པས།
ཚེ་འདས་ཨ་ལོ་༢ ཀྱི་ཨའི་ སྐྱེས་ལོ་༣༣ ལང་མི་དེ་ དགེ་འདུ་སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ དྲག་དོ་ཡོདཔ་ཨིན་པས།
ཧའི་ལཱགསི་གི་ དེད་གཡོགཔ་དེ་ རྨ་སྐྱོན་ཚབས་ཆེན་བྱུངམ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ རྐྱེན་ངན་དེ་ ཁ་ཙ་ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།
ད་རུང་ བྱུང་རྐྱེན་གཞན་ཅིག་ནང་ ཁ་ཙ་དྲོ་པའི་ཆུ་ཚོད་༡༡.༣༠ དེ་ཅིག་ཁར་ སྣུམ་འཁོར་ཊི་པར་ཊཱག་ཅིག་ ས་འཇམ་སམ་འབད་མི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབདཝ་ད་ མགུ་མཇུག་ལོག་སྟེ་ རྦོབ་རིལ་ཡར་སོང་ཡོདཔ་ད་ ཊཱག་དེ་ བྱེམ་འབག་སྟེ་ཡོདཔ་ལས་ ཤིང་དུམ་བཏོན་སའི་ འཁོར་ལམ་བདའ་སྟེ་ སོང་ནུག་ཟེར་ཨིན་པས།
ཊཱག་དེ་གིས་ བྱེམ་དང་གཅིག་ཁར་ ཕོ་སྐྱེས་༣ འབག་སྟེ་ཡོདཔ་ལས་ སྣུམ་འཁོར་དེ་ ལམ་འོག་ལས་མར་ ཕིཊ་༡༠ དེ་ཅིག་ལས་བརྒལ་ རྦོབ་མ་རིལ་རུང་ ལམ་འགྲུལཔ་ཚུ་ བྱེམ་གྱིས་ཨེབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་༢ བསམ་རྩེ་ལས་དང་ ཕོ་སྐྱེས་གཞན་དེ་ བསམ་གྲུབ་ལྗོངས་མཁར་ལས་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཨམ་སྲུ་ཅིག་ སྣུམ་འཁོར་ཧའི་ལཱགསི་བདའ་འགྱོཝ་ད་ དགེ་འདུ་དང་ ཝང་ཁའི་བར་ན་ ཐུག་རྐྱེན་བྱུངམ་ལས་ དེད་གཡོགཔ་དེ་ལུ་ ཤི་རྐྱེན་བྱུང་ནུག།
ཕུན་ཚོགས་གླིང་གི་ སྣུམ་འཁོར་བརྡ་སྟོན་འབད་མི་ ཁྲིམས་སྲུང་འགག་པ་གིས་ ད་རེས་ནངས་པར་ ཆར་ཆུའི་དུས་ཚོད་ཨིནམ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་བཏང་མི་ཚུ་ལུ་ དྲནམ་བཏོན་དགོ་པའི་ དྲན་གསོ་དང་ གོ་བརྡ་ཚུ་ སྤྲོད་པའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *