དབང་འདུས་ཕོ་བྲང་ལུ་ བ་འཇོ་སྨན་ཁང་གི་ ས་ཁོངས་ནང་ གཞི་བཙུགས་འབད་མི་ ཚ་རིམས་སྨན་བཅོས་ཁང་དེ་ནང་ ཁ་ཙ་ མི་བརྒྱ་ཕྲག་ལས་བཅད་དེ་ ག་ཐོབ་རྐྱབ་འོངམ་ལས་ ཉིན་མའི་ཆུ་ཚོད་༡ ལུ་ སྨན་བཅོས་ཁང་དེ་ནང་འགྱོ་སའི་ འཛུལ་སྒོ་ཚུ་ སྒོ་བསྡམས་བཞག་དགོཔ་བྱུང་ནུག།

སྟོད་པའི་རྒེད་འོག་ ཉེན་ཅན་ས་ཁོངས་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ཡོདཔ།

༉ ཁ་ཙ་ སྤུ་ན་ཁ་སྟོད་པའི་རྒེད་འོག་ལས་ མི་༢ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུང་པའི་ཤུལ་ལས་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་དེ་ ནད་ཡམས་ཀྱི་ ཉེན་འཚུབས་ཆེ་བའི་ས་ཁོངས་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ནུག།

གནད་དོན་དེ་གི་སྐོར་ལས་ ཁ་ཙ་ཕྱི་རུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ནང་ གསལ་བསྒྲགས་འབད་ཡི།

ཚོས་གཞི་དམརཔོ་སྦེ་ གསལ་བསྒྲགས་འབད་བའི་བསྒང་ལས་ མི་ཚུ་ཕར་ཚུར་འགྱོ་ནི་དང་ ཐ་ན་ ཁྱིམ་ནང་ལས་ ཕྱི་ཁར་འཐོན་མི་ཆོག་ནི་ཨིན་པས།

ཀོ་བིཌ་-༡༩ ཐོབ་མི་༢ པོ་དེ་ ཁ་ཙ་ལས་ ཐིམ་ཕུག་ལུ་ རྐྱང་གནས་ནད་ཁང་ནང་ བསྐྱལ་ཡོདཔ་ད་ ཁོང་གཉིས་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ནད་གཞི་ཐོབ་ཡོད་པའི་ ངོས་འཛིན་བྱུང་མི་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དེ་གི་ ཕམ་ཨིན་པས།

ད་རུང་ ཁ་ཙ་ སྤུ་ན་ཁ་གསོ་བའི་འགོ་དཔོན་ཚུ་གིས་ སྟོད་པའི་རྒེད་འོག་ ཕན་སྟོད་ཁ་གཡུས་ཚན་ལས་ མི་༣༧ གྱི་ དཔེ་ཚད་ཚུ་ ཐིམ་ཕུག་ལུ་ བསྐྱལ་ཡོདཔ་བཞིན་དུ་ གྲུབ་འབྲས་ཚུ་ ད་རིས་འཐོན་ནིའི་ རེ་བ་ཡོདཔ་ཨིན་པས།

ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ འགྲོ་འགྲུལ་རྩ་ལས་མེདཔ་ བཞག་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་བཙུགས་ཏེ་ཡོད་ཟེར་ཨིན་པས།

ད་རུང་ ནད་གཞི་ཐོབ་མི་ ཨམ་སྲུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་དང་ ཐད་ཀར་མིན་པའི་ཐོག་ལས་ འབྲེལ་བ་འཐབ་མི་༩ ཁ་ཙ་ ཟུར་བཞག་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ ཐིམ་ཕུག་ལུ་ དཔེ་ཚད་༢༢ ལྷགཔ་ཅིག་ བསྐྱལ་ཡོདཔ་མ་ཚད་ ཁ་ཙ་ཕྱི་རུ་ཚུན་ཚོད་ འཕྲིན་ལས་སྒང་ལུ་ སྡོད་མི་ཚུ་ལས་ དཔེ་ཚད་བསྡུ་ལེན་འབད་ནུག།

དེ་ལས་ སྤུ་ན་ཁ་ལུ་ ཚ་རིམས་སྨན་བཅོས་ཁང་ གཞི་བཙུགས་འབད་སར་ ཐིམ་ཕུག་ལུ་ འགྲོ་འགྲུལ་འབད་མི་༢༩༤ ནད་ཡམས་ཀྱི་ བརྟག་དཔྱད་འབད་བར་ འོང་ཡོད་རུང་ ལེ་ཤ་ཅིག་ར་ ཐོ་བཀོད་འབད་བའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་པས།

སྤུ་ན་ཁ་སྨན་ཁང་གི་ འགོ་དཔོན་ཚུ་གིས་ འཕྲིན་ལས་སྒང་ལུ་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་དེ་ དཔེ་ཚད་བསྡུ་ལེན་འབད་ཚར་བའི་ཤུལ་ལུ་ དགོས་མཁོ་དང་འཁྲིལ་ ཚ་རིམས་སྨན་བཅོས་ཁང་ཐེབས་ གཞི་བཙུགས་འབད་འོང་ཟེར་ བཤདཔ་ཨིན་པས།

དབང་འདུས་ཕོ་བྲང་།

དབང་འདུས་ཕོ་བྲང་ལུ་ བ་འཇོ་སྨན་ཁང་གི་ ས་ཁོངས་ནང་ གཞི་བཙུགས་འབད་མི་ ཚ་རིམས་སྨན་བཅོས་ཁང་དེ་ནང་ ཁ་ཙ་ མི་བརྒྱ་ཕྲག་ལས་བཅད་དེ་ ག་ཐོབ་རྐྱབ་འོངམ་ལས་ ཉིན་མའི་ཆུ་ཚོད་༡ ལུ་ སྨན་བཅོས་ཁང་དེ་ནང་འགྱོ་སའི་ འཛུལ་སྒོ་ཚུ་ སྒོ་བསྡམས་བཞག་དགོཔ་བྱུང་ནུག།

བ་འཇོ་སྨན་ཁང་དང་ བསྟན་སྐྱོང་གླིང་ཚ་རིམས་སྨན་བཅོས་ཁང་༢ དང་ གློ་བུར་ནད་ཁང་གིས་ བརྟག་དཔྱད་འབད་བར་འོང་མི་ ངོ་རྐྱང་༧༥༣ ལུ་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་ཡོདཔ་ཨིན་པས།

དེ་གི་གྲས་ལས་ མི་༦༡༠ བ་འཇོ་སྨན་ཁང་རྙིངམ་གི་ས་ཁོངས་ནང་ བརྟག་དཔྱད་འབད་ཡོདཔ་ད་ བརྟག་དཔྱད་དེ་ཡང་ དྲོ་པ་ཆུ་ཚོད་༩ དེ་ཅིག་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རིས་ དྲོ་པ་ཆུ་ཚོད་༨ ལས་ འགོ་བཙུགས་འོང་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༣ དང་ ཐད་ཀར་མིན་པའི་ཐོག་ལས་ འབྲེལ་བ་འཐབ་མི་༡༣ དབང་འདུས་ལས་ བདའ་ཟུན་ཏེ་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་འབདཝ་ད་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་ནུག།

ཨམ་སྲུ་དེ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་དེ་ ཀྲོང་གསར་ལུ་འགྱོཝ་ད་ འབྲེལ་བ་འཐབ་མི་༦ ཁ་ཙ་ ཟུར་བཞག་ཡོདཔ་ཨིན་པས།

མགར་ས་རྫོང་ཁག།

སྤྱི་ཟླ་༡༢ པའི་ཚེས་༧ གྱི་ཧེ་མར་ ཐིམ་ཕུག་ལུ་ འགྲུལ་སྐྱོད་འབད་མི་༤༨ མགར་ས་ལུ་ ཚ་རིམས་སྨན་བཅོས་ཁང་ནང་ བརྟག་དཔྱད་འབད་བར་ འོང་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་ མགར་ས་ཚ་ཆུའི་ ས་ཁོངས་དང་ ཁ་སྨད་རྒེད་འོག་ནང་སོང་སྟེ་ བརྟག་དཔྱད་འགོ་འདྲེན་འཐབ་ཡོདཔ་ད་ ཚ་ཆུའི་ས་ཁོངས་ནང་ མི་༢༤ དང་ ཁ་སྨད་རྒེད་འོག་ནང་ མི་༡༣ ལུ་ བརྟག་དཔྱད་འབད་ནུག།

ཐིམ་ཕུག་ལུ་ འགྲོ་འགྲུལ་འབད་མི་༤༣ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ བརྟག་དཔྱད་འབདཝ་ད་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *