གྲོས་བསྟུན་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དྲགོས་ཌོག་ཊར་ བསོན་ནམས་ཀུན་དགའ་དང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཚུ།

སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ མཁས་དབང་གི་སློབ་སྦྱོང་ འགོ་བཙུགས་ནིའི་འཆར་གཞི།

འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ སྤྱི་ལོ་༢༠༡༩ ལས་ ཀྲོང་གསར་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ རྒྱལ་ཁབ་ནང་འགོ་དང་པ་ཨིན་མི་ མི་རྒྱུད་རིག་པའི་ མཁས་དབང་གི་སློབ་སྦྱོང་ འགོ་བཙུགས་ནི་ཨིན་པས།

དེའི་དོན་ལུ་ བདུན་ཕྲག་འདི་ནང་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་དང་ གྲོས་སྟོན་པ་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།

མཐོ་རིམ་སློབ་གྲྭའི་ ཞིབ་འཚོལ་སྒྲིག་འཛིན་ ངག་དབང་རྒྱ་མཚོ་གིས་ བཤད་མིའི་ནང་ ད་ལྟོ་ཚུན་ འབྲུག་རྒྱལ་ཁབ་དང་ ཧི་མ་ལ་ཡའི་སྐོར་ལས་ སློབ་སྦྱོང་འབད་མི་ཚུ་ག་ར་ ཕྱི་མི་ཚུ་མ་གཏོགས་ འབྲུག་རྒྱལ་ཁབ་ནང་ལས་མེདཔ་ལས་ ལས་རིམ་དེ་གིས་ རྒྱལ་ཁབ་ནང་འཁོད་ལས་ འབྲུག་རྒྱལ་ཁབ་དང་མི་རྒྱུད་ཀྱི་སྐོར་ལས་ ཞིབ་འཚོལ་དང་ སློབ་སྦྱོང་འབད་ནིའི་ གོ་སྐབས་བྱིན་ནིའི་དོན་ལུ་ ཨིན་ཟེར་བཤད་ཅི།

ཏཱ་ར་ཡ་ན་ལྟེ་བའི་ ཞིབ་འཚོལ་གོངམ་དང་ཐབས་བྱུས་གྲོས་སྟོན་པ་ ཌོག་ཊར་ རི་ཏུ་ བར་མ་གིས་ སླབ་མིའི་ནང་ ད་ལྟོ་ སློབ་སྦྱོང་དེའི་དོན་ལུ་ འཆར་གཞི་ཚུ་ བཟོ་བའི་བསྒང་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༩ ལུ་ མོ་བཏབ་བཟུམ་ཅིག་སྦེ་ ཤོ་ཐེངས་དང་པའི་ སློབ་སྦྱོང་བྱིན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ སྦྱོང་བརྡར་དེ་ཡང་ ཨེ་མི་རི་ཀ་ལུ་ཡོད་མི་ ཝི་ནར་ གི་རིན་གཞི་ཚོགས་ཀྱིས་ གཙུག་སྡེ་གོང་འཕེལ་མ་དངུལ་གྱི་
གྲོགས་རམ་ཐོག་ལས་ ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་སྡེ་དང་ ཡུ་ཨེས་ཨེ་ དེ་ལས་ པེ་རིས་ལུ་ཡོད་མི་ རྒྱལ་ཡོངས་མཚན་རིག་ཞིབ་འཚོལ་ལྟེ་བ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ འགོ་འདྲེན་འཐབ་ཨིན་ཟེར་བཤད་ཅི།

སྦྱོང་བརྡར་དེ་ཡང་ ལོ་༥ རིང་ཨིནམ་ད་ ངག་དབང་རྒྱ་མཚོ་གིས་ སླབ་མིའི་ནང་ རིག་གཞུང་མཐོ་རིམ་སློབ་གྲྭ་དེ་ ལམ་སྲོལ་མ་ཚད་ སློབ་སྦྱོང་དེའི་སྐོར་ལས་ ཤེས་ཡོན་དང་ སྦྱོང་བརྡར་དུམ་གྲ་རེ་ཐོབ་མི་ ལེགས་སྦྱར་བ་ཚུ་ཡང་ཡོདཔ་ལས་ སློབ་སྦྱོང་གི་དོན་ལུ་ མཐོ་རིམ་སློབ་གྲྭ་དེ་ འོས་འབབ་ཡོད་ཟེར་ཨིན་པས།

ཌོག་ཊར་ རི་ཏུ་ བར་མ་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ མ་འོངས་པའི་ནང་ རྒྱལ་ཡོངས་དང་ ལུང་ཕྱོགས་ཀྱི་ གནས་ཚད་ནང་ འབྲུག་དང་ ཧི་མ་ལ་ཡན་ལུང་ཕྱོགས་ཀྱི་སྐོར་ལས་ སློབ་སྦྱོང་མཐིལ་ཕྱིན་བྱིན་སའི་ ས་ཁོངས་ཅིག་སྦེ་ བཟོ་ནིའི་དམིགས་གཏད་ཡོད་ཟེར་ཨིན་པས།

ལས་རིམ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་ལུ་ གཞི་འཛིན་ཐོག་ལས་ བཟོ་སྟེ་ཡོད་ཟེར་ མོ་གིས་བཤད་པའི་ཁར་ མཐོ་རིམ་སློབ་གྲྭ་གིས་ སྦྱོང་བརྡར་དེ་ཡང་ དམིགས་ཡུལ་༣ གྱི་ཐོག་ལུ་བྱིན་ནི་ཨིནམ་ད་ དེ་ཡང་ ལམ་སྲོལ་དང་ རང་བཞིན་གནས་སྟངས་ དེ་ལས་ སྲིད་དོན་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ སྦྱོང་བརྡར་བྱིན་ནིའི་ འཆར་གཞི་ཡོདཔ་ཨིན་པས།

དེ་ལས་ མི་སྡེ་དང་དཔལ་འབྱོང་གོང་འཕེལ་དང་ ལེགས་ལྡན་གཞུང་སྐྱོང་ དེ་ལས་ འབྲུག་པའི་ལམ་སྲོལ་ཚུ་ལུ་ རྒྱབ་སྐྱོར་འབད་ཐོག་ལས་ བཟོ་ནིའི་འཆར་གཞི་ཡོདཔ་མ་ཚད་ ཞིབ་འཚོལ་འབད་སའི་ ས་ཁོངས་ཅིག་སྦེ་ བཟོ་ནིའི་དམིགས་གཏད་ཨིན་པས།

སློབ་སྦྱོང་འབད་མི་ཚུ་ཡང་ མཉམ་འབྲེལ་འབད་མི་ རྒྱལ་སྤྱི་གཙུག་ལག་སློབ་སྡེ་ཚུ་ལས་ ལེགས་སྦྱར་བ་ཚུ་ འོང་ནི་ཨིནམ་ད་ ལས་རིམ་དེའི་དོན་ལུ་ མི་མང་ལས་ བསམ་འཆར་བསྡུ་ལེན་འབད་ནིའི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ བསམ་འཆར་ཚུ་ཡང་ བསྡུ་ལེན་འབད་ཡོདཔ་ཨིན་པས།

ཌོག་ཊར་གྱིས་ བཤད་མིའི་ནང་ མི་གྲངས་༡༠༨ དེ་ཅིག་ལུ་ ཞིབ་འཚོལ་འབད་བའི་སྐབས་ མང་ཤོས་ཀྱིས་ སློབ་སྦྱོང་དེ་ གཞི་བཙུགས་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འདུག་ཟེར་ཨིན་པས།

མོ་གིས་བཤད་མིའི་ནང་ རྒྱལ་ཁབ་ནང་ སློབ་སྦྱོང་འགོ་བཙུགས་མི་དེ་གིས་ ཕྱི་རྒྱལ་ལས་ཕར་ ཟད་འགྲོ་སྦོམ་བཏང་ཐོག་ལས་ མཁས་དབང་གི་ སློབ་སྦྱོང་འབད་བར་ འགྱོ་མི་དགོ་ཟེར་ཨིནམ་ད་ ཨིན་རུང་ ཁོང་ཆ་ཁྱབ་ལུ་ དྲི་བ་སྦོམ་ཤོས་ར་ ཟད་འགྲོའི་ཐད་ཁར་ ག་གིས་གྲོགས་རམ་འབད་འོང་ག་ཟེར་བའི་ དོགས་པ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *