༉ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༧ པའི་ཚེས་༨ ལུ་ སྟག་ཚང་ལྷ་ཁང་ཅིག་ནང་ ཨར་རྐུན་འབད་བའི་ འབྲེལ་གནད་ལུ་བརྟེན་ སྐྱེས་ལོ་༢༠ ལང་མི་ དགེ་བགྲེས་ཅིག་ འཛིན་བཟུུང་འབད་ཡོདཔ་ཨིན་པས།
དོགས་པ་ཅན་གྱིས་ ལྷ་ཁང་ནང་ ཞལ་འདེབས་སྒྲོམ་ཅིག་ བཅག་དཀྲུམས་འབད་་མི་དེ་ སི་སི་ཊི་བི་པར་ཆས་ནང་ ལྷ་ཁང་གི་ དཀོན་གཉེར་གྱིས་ བདའ་ཟུན་ཏེ་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ལུ་ དེ་ཚེ་ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྤ་རོའི་ཁྲིམས་སྲུང་འགག་སྡེའི་ སྡེ་འཛིན་དམག་སྲིད་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ དོགས་པ་ཅན་གྱིས་ ཞལ་འདེབས་སྒྲོམ་དེ་ བཅག་དཀྲུམས་འབད་ཞིནམ་ལས་ ལྷ་ཁང་ནང་ འཛུལ་ནུག་ཟེར་ཨིནམ་ད་ ཁོ་ འཛིན་བཟུང་འབད་བའི་སྐབས་ དངུལ་རྐྱང་དག་པ་ཅིག་ ཐོབ་ཡོད་པའི་གནས་ཚུལ།
Check Also
ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།
༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …