སྒེར་གྱི་བརྟག་དཔྱད་ཁང་ཚུ་གིས་ ད་ལས་ཕར་ ནད་འབུབ་ཨེཆ་ཨའེ་བི་ བརྟག་དཔྱད་འབད་ཆོག་ནི།

༉ སྒེར་གྱི་བརྟག་དཔྱད་ཁང་ཚུ་གིས་ ད་ལས་ཕར་ ནད་འབུབ་ཨེཆ་ཨའེ་བི་ བརྟག་དཔྱད་འབད་ཆོག་པའི་ གསོ་བའི་ལྷན་ཁག་གི་ ཆེ་མཐོ་གནས་ཚད་ཀྱི་ ཚོགས་ཆུང་གིས་ འཕྲུལ་ཆས་ལམ་སྟོན་ཡིག་ཆ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ལམ་སྟོན་ཡིག་ཆ་ཟིན་བྲིས་དེ་ཡང་ རྒྱལ་ཡོངས་ཨེཆ་ཨའི་བི་ཨེཌསི་དང་ ཨེས་ཊི་ཨའི་བཀག་འཛིན་ལས་རིམ་གིས་ སྤྱི་ཟླ་༥ པའི་ཚེས་༩ ལུ་ གསོ་བའི་ལྷན་ཁག་གི་ ཆེ་མཐོ་གནས་ཚད་ཚོགས་ཆུང་གིས་ ཞལ་འཛོམས་ཐེངས་༤༧ འཚོགས་པའི་སྐབས་ལུ་ བཙུགས་ནུག།
རྒྱལ་ཡོངས་ཨེཆ་ཨའི་བི་དང་ ཨེཌསི་ལྷན་ཚོགས་ཀྱིས་ སྒེར་གྱི་སྨན་བཅོས་ཁང་ཚུ་ལུ་ བརྟག་དཔྱད་འབད་ཆོག་པའི་ གནང་བ་སྤྲོད་དགོ་མི་དེ་ར་ མི་སེར་ཚུ་ལུ་ བརྟག་དཔྱད་འབད་ནི་གི་ གདམ་ཁ་སྤྲོད་ནིའི་དོན་ལུ་ཨིན་ཟེར་ རྣམ་རྒྱལ་ཚེ་རིང་གིས་ སླབ་ཨིན་པས།།
དེ་སྦེ་ སྒེར་སྡེ་ལུ་ གནང་བ་སྤྲོདཔ་ཨིན་ཟེར་ སླབ་པའི་སྐབས་ ད་ལྟོ་གསོ་བའི་ལས་སྡེ་གི་ ནད་གཞི་བརྟག་དཔྱད་ཀྱི་ མཐུན་རྐྱེན་ བྱིན་མི་དེ་ མེདཔ་བཟོ་ནིའི་དོན་ལུ་ མེན་ཟེར་ཨིན་པས།
ད་ལྟོ་རྒྱལ་ཁབ་ནང་ གསོ་བའི་ལས་སྡེ་ཚུ་གིས་ ནད་གཞི་ཨེཆ་ཨའི་བི་གི་ བརྟག་དཔྱད་ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་ བྱིན་ཏེ་འབད་རུང་ མི་སེར་ལ་ལོ་ཅིག་གིས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ཡོད་མི་ སྒེར་གྱི་སྨན་བཅོས་ཁང་ཚུ་ནང་ བརྟག་དཔྱད་འབད་བར་འགྱོ་མི་ཡང་ འདུག་ཟེར་ཨིན་པས།
གསོ་བའི་བརྡ་དོན་དང་ ཞབས་ཏོག་ལྟེ་བ་ཚུ་ནང་ ཨེཆ་ཨའི་བི་གི་ བརྟག་དཔྱད་དང་ བསླབ་བྱ་ཚུ་ བྱིནམ་ཨིན་པས།
ད་ལྟོ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ ཀྲོང་གསར་ཀུན་དགའ་རབ་བརྟན་ སྤུ་ན་ཁ་ལོད་སྦིས་ས་གི་ ས་གནས་ཚུ་ནང་ གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ཚུ་ གཞི་བཙུགས་འབད་དེ་འདུག།
ལས་རིམ་འགོ་དཔོན་ ལེགས་སྐྱིད་མཁའ་འགྲོ་གིས་ སླབ་མིའི་ནང་ སྒེར་གྱི་སྨན་བཅོས་ཁང་ཚུ་ནང་ དགོས་མཁོ་ཡོད་མི་ འཕྲུལ་ཆས་ཚུ་ག་ར་ ཚང་བའི་ཤུལ་ལུ་རྐྱངམ་གཅིག་ ཁོང་གིས་ བརྟག་དཔྱད་འབད་ནི་གི་ ཞབས་ཏོག་སྤྲོད་ཆོག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒེར་གྱི་བརྟག་དཔྱད་ཁང་ཚུ་ནང་ དགོ་མཁོ་སྨན་དང་ འཕྲུལ་ཆས་སྡེ་ཚན་དང་ གསོ་བའི་ཞབས་ཏོག་ལས་ཁུངས་གཉིས་ཀྱིས་ དགོས་མཁོ་ཡོད་མི་ འཕྲུལ་ཆས་ཚུ་གི་ བསྐྱར་ཞིབ་འབད་ནི་ཟེར་ཨིན་པས།
སྒེར་གྱི་བརྟག་དཔྱད་ཁང་ཚུ་གིས་ དགོས་མཁོ་ཡོད་མི་ འཕྲུལ་ཆས་ཚུ་ག་ར་ ཁོང་གིས་ ཞབས་ཏོག་བྱིན་ནི་གི་ འོས་འབབ་དང་ལྡནམ་སྦེ་ འགྱོ་ཞིནམ་ལས་ རྒྱལ་ཡོངས་ཨེཆ་ཨའི་མི་ཨེཌསི་དང་ ཨེས་ཊི་ཨའི་བཀག་འཛིན་ལས་རིམ་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་ནི་ཟེར་ ལེགས་སྐྱིད་མཁའ་འགྲོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་རིམ་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ལམ་སྟོན་ཡིག་ཆ་དང་འཁྲིལ་ཏེ་འབད་ནི་དང་ གཉིས་པ་ མི་སེར་གྱི་ ཉེན་སྲུང་དང་སྤུས་ཚད་ཀྱི་དོན་ལུ་ དང་པ་ ཞབས་ཏོག་སྤྲོད་མི་ ལས་བྱེདཔ་དེ་ལུ་ དཔེ་ཚད་ལེན་ཐངས་དང་ བསླབ་བྱ་བྱིན་ཐངས་ཀྱི་ སྦྱོར་བརྡར་ཚུ་བྱིན་དགོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྒེར་གྱི་བརྟག་དཔྱད་ཁང་༡༠ ཡོདཔ་ད་ ཕུན་ཚོགས་གླིང་རྐྱངམ་གཅིག་ནང་༦ དང་ ཐིམ་ཕུག་དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *