འབྲུག་(ཁེན་འཇར་དཀརཔོ་)དང་ ནེ་པཱལ་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

སྐྱེས་ལོ་༡༥ མན་ཆད་འབད་མི་ ཨམ་སྲུའི་ཕུཊ་བཱོལ་རྩེད་འགྲན་ནང་ རྒྱ་གར་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ དུས་ཅི་ ལྷོ་ཨེ་ཤེ་ཡན་རྒྱལ་ཁབ་ཚུ་གི་ སྐྱེས་ལོ་༡༥ མན་ཆད་འབད་མི་ ཨམ་སྲུའི་ཕུཊ་བཱོལ་རྩེད་འགྲན་ནང་ དྲག་ཤོས་དེ་ རྒྱ་གར་ཨམ་སྲུ་སྡེ་ཚན་གྱིས་ ཐོན་ཡི།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ རྒྱ་གར་དང་ བང་ལ་དེཤ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཆ་ར་གིས་ གཱོལ་རེ་རེ་བཙུགས་ཡོད་རུང་ རྒྱ་གར་གྱི་སྡེ་ ཚན་གྱིས་ སྡེ་ཚན་གཞན་ཚུ་ལུ་ གཱོལ་མངམ་སྦེ་ བཙུགས་ཡོདཔ་ལས་ ཨང་དང་པ་དང་ བང་ལ་དེཤ་གིས་ ཨང་༢ པ་ཐོན་ཡི།
དེ་བཟུམ་སྦེ་ ཨང་༣ པའི་དོན་ལུ་ འབྲུག་དང་ ནེ་པཱལ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྡེ་ཚན་༢ ཆ་ར་གིས་ གཱོལ་རེ་རེ་བཙུགས་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ ནེ་པཱལ་གྱིས་ གཱོལ་མང་སུ་བཙུགས་ཡོདཔ་ལས་ ཨང་༣ པ་དང་ འབྲུག་པའི་ཨམ་སྲུ་སྡེ་ཚན་ མཇུག་སྦེ་ལུས་སོ་ཡི།
སྤྱི་ལོ་༢༠༡༧ ལུ་ རྒྱ་གར་དང་ བང་ལ་དེཤ་ འབྲུག་ དེ་ལས་ ནེ་པཱལ་རྒྱབ་ཁབ་༤ གི་ སྐྱེས་ལོ་༡༥ མན་ཆད་འབད་མི་ ཨམ་སྲུ་ཚུ་གི་བར་ན་ འགོ་དང་པ་ ཕུཊ་བཱོལ་འགོ་འདྲེན་འཐབ་པའི་སྐབས་ དྲག་ཤོས་ཨང་དང་པ་དེ་ བང་ལ་དེཤ་གིས་ ཐོན་ཡོདཔ་ད་ རྒྱ་གར་སྡེ་ཚན་གྱིས་ ཨང་༢ པ་ དེ་ལས་ ནེ་པཱལ་དང་ འབྲུག་པའི་སྡེ་ཚན་༢ ཀྱི་བར་ན་ རྒྱལ་ཕམ་ཕྱེ་མ་ ཚུགས་པར་ལུས་ནུག།
ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ འབྲུག་དང་ བང་ལ་དེཤ་ རྒྱ་གར་ ནེ་པཱལ་ ཤྲི་ལངྐ་ མཱལ་དིབསི་ དེ་ལས་ པཱ་ཀིས་ཊཱན་རྒྱལ་ཁབ་༧ གྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱ་གར་སྡེ་ཚན་གྱིས་ ཨང་དང་པ་དང་ བང་ལ་དེཤ་གིས་ ཨང་༢ པ་ འབྲུག་པའི་སྡེ་ཚན་གྱིས་ ཨང་༣ པ་ ནེ་པཱལ་སྡེ་ཚན་གྱིས་ ཨང་༤ པ་ཐོན་ནུག།
དུས་ཅི་གི་རྩེད་འགྲན་ནང་ ཤྲི་ལངྐ་དང་ མཱལ་དིབསི་ པཱ་ཀིསི་ཊཱན་རྒྱལ་ཁབ་༣ གྱིས་ བཅའ་མར་གཏོགས་མ་བཏུབ་ལས་ རྒྱལ་ཁབ་༤ གི་བར་ན་ དོ་འགྲན་འབད་ནུག།
གཞན་དལ་གཞི་ སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་ཡང་ འབྲུག་དང་ བང་ལ་དེཤ་ རྒྱ་གར་ ནེ་པཱལ་ ཤྲི་ལངྐ་ མཱལ་དིབསི་ པཱ་ཀིསི་ཊཱན་ དེ་ལས་ ཨཕ་གཱ་ནིསི་ཊཱན་རྒྱལ་ཁབ་ཚུ་གི་བར་ན་ རྩེད་འགྲན་འབད་དགོཔ་ཨིན་རུང་ སྤྱི་ལོ་༢༠༡༥ འི་ ཕུཊ༌བཱོལ་རྩེད་འགྲན་གྱི་ཤུལ་ལས་ ཨཕ་གཱ་ནིསི་ཊཱན་གྱིས་ བཅའ་མར་གཏོགས་མ་བཏུབ་ཨིན་པས།
ལྷོ་ཨེ་ཤེ་ཡན་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ཨམ་སྲུ་ཚུའི་ ཕུཊ༌བཱོལ་འགྲན་བསྡུར་འགོ་དང་པ་དེ་ སྤྱི་ལོ་༢༠༡༠ ལུ་ ལྷོ་ཨེ་ཤེ་ཡན་ཕུཊ་བཱོལ་ཚོགས་པ་གིས་ འགོ་འདྲེན་འཐབ་པའི་སྐབས་ རྒྱ་གར་སྡེ་ཚན་གྱིས་ འབྲུག་པའི་ཨམ་སྲུ་སྡེ་ཚན་ལུ་ གཱོལ་༡༨ བཙུགས་པའི་སྐབས་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༡ ཡང་བཙུགས་མ་ཚུགསཔ་བཞིན་དུ་ བང་ལ་དེཤ་གིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༩ བཙུགས་ནུག།
ལོ་༩ གི་རྒྱབ་ལས་ དུས་ཅི་ རྒྱ་གར་གྱིས་ གཱོལ་༡༠ བཙུགས་པའི་སྐབས་ འབྲུག་པའི་ཨམ་སྲུ་གིས་ གཱོལ་༡ དང་ བང་ལ་དེཤ་གིས་ གཱོལ་༢ བཙུགསཔ་ད་ འབྲུག་གིས་ གཱོལ་བཙུགས་མ་ཚུགས་རུང་ ཕུཊ༌བཱོལ་རྩེད་ནིའི་རིག་རྩལ་དང་ ལྕོགས་གྲུབ་ཚུ་ ལེ་ཤ་གིས་ ཡར་དྲག་སོང་ཡོད་པའི་ ཤེས་རྟོགས་བྱུངམ་ཨིན་པས།
སཱག་ལུང་ཕྱོགས་རྒྱལ་ཁབ་ཀྱི་ སྐྱེས་ལོ་༡༥ མན་ཆད་འབད་མི་ ཨམ་སྲུ་སྡེ་ཚན་གྱི་ ཕུཊ་བཱོལ་རྩེད་འགྲན་དེ་ དུས་ཅི་ འབྲུག་གི་རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *