སྐྱེས་ལོ་༡༥ མན་ཆད་འབད་མི་ འབྲུག་པའི་སྡེ་ཚན་གྱིས་ མཐའ་བཅད་རྩེད་འགྲན་ནང་ལྷོད་ཡོདཔ།

༉ ཁ་ཙ་ འབྲུག་པའི་སྡེ་ཚན་གྱིས་ སའུ་དི་ཨ་ར་བི་ཡ་ལུ་ གཱོལ་༢ བཙུགས་ཏེ་ མཐའ་བཅད་འགྲན་བསྡུར་ནང་ལྷོད་ཡོདཔ་ད་ སའུ་དི་ཨ་ར་བི་ཡ་གིས་ འབྲུག་ལུ་ དུས་ཡུན་སྐར་མ་༤༥ ལུ་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགས།
བར་མཚམས་ཀྱི་ཤུལ་ལས་ འབྲུག་གིས་ སའུ་དི་ཨ་ར་བི་ཡ་ལུ་ གཱོལ་༢ བཙུགས་ཡོདཔ་ཨིན་པས།
སའུ་དི་ཨ་ར་བ་ཡི་གིས་ མཱལ་དིབས་སྡེ་ཚན་ལུ་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ཐོབ་རུང་ ལཊ་བི་ ཡ་སྡེ་ཚན་གྱིས་ ཕམ་བཏང་ཡོདཔ་ཨིན་པས།
འབྲུག་པའི་སྡེ་ཚན་གྱིས་ སློབ་སྟོན་པ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ད་ལྟོ་ ཕུཊ༌བཱོལ་རྩེདམོ་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ནང་ མཐའ་བཅད་རྩེད་འགྲན་འབད་ནི་དེ་ འགོ་དང་པ་ཨིན་ཟེར་ ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ ལཊ་བི་ཡ་སྡེ་ཚན་དང་གཅིག་ཁར་ མཐའ་བཅད་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *