སྐྱིད་སྡུག་སྨན་བཅོས་སྡེ་ཕྲན་གྱིས་ ས་ཁ་མཐོ་སའི་ མི་ཚུ་ལུ་ སྨན་བཅོས་འབད་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འགྲུལ་སྐྱོད་སྨན་བཅོས་སྡེ་ཕྲན་གྱིས་ ཉིན་གྲངས་༡༣ གྱི་རིང་ ཐིམ་ཕུག་རྫོང་ཁག་ སྲོས་དང་ གླིང་བཞི་རྒེད་འོག་ཚུ་ནང་ གསོ་བའི་ཞབས་ཏོག་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྨན་བཅོས་མཁས་མཆོག་དང་ གཤག་བཅོས་མཁས་མཆོག་ མོ་ནད་མཁས་མཆོག་ ཨ་ལོའི་མཁས་མཆོག་ སྨན་རིག་མཁས་མཆོག་ སོ་བཅོས་མཁས་མཆོག་ དེ་ལས་ འཕྲུལ་རིགཔ་གོངམ་ཚུ་ཡོད་མི་ སྡེ་ཚན་དེ་གིས་ ས་ཁ་མཐོ་སའི་ ས་ཁོངས་གཉིས་ནང་ སྤྱི་ཟླ་༩ པ་ལས་༡༠ པའི་ཚེས་༡༣ གྱི་བར་ན་སོང་སྟེ་ སོ་དང་ གཟུགས་ཀྱི་ནང་ཁོང་བརྟག་དཔྱད་ རྣམ་ཅོ་ ལྷ་པ་ ལྐོལམ་ མིག་ཏོ་ རུ་ཏོ་དང་འབྲེལ་བའི་ སྨན་བཅོས་ཞབས་ཏོག་ དེ་ལས་ ཚན་རིག་བརྟག་དཔྱད་ཀྱི་ ཞབས་ཏོག་ཚུ་ མགོ་སྤྲོད་འབད་ནུག།

སྲོས་ལུ་ ཉིན་གྲངས་༣ གྱི་རིང་ལུ་ མི་གྲངས་༡༥༩ གིས་ ཞབས་ཏོག་ལེན་ཡོད་མི་ལས་༧༢ ཀྱིས་ ཨེན་ཌོསི་ཀོ་པིའི་ ཞབས་ཏོག་ལེན་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ གླིང་བཞི་ལུ་ མི་གྲངས་༥༢༢ ཀྱིས་ ཞབས་ཏོག་དེ་ ལེན་ཡོདཔ་ཨིན་པས།

སྡེ་ཚན་གྱི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ དེ་བསྒང་ སློབ་ཕྲུག་ཚུ་དང་ གླིང་བཞི་རྫོང་ནང་ ལཱ་འབད་མི་ཚུ་བརྩིས་ཏེ་ མི་ཚུ་གིས་ ནད་བརྟག་དང་ སྨན་བཅོས་ཞབས་ཏོག་ཚུ་ ལེན་ཡི་ཟེར་ཨིན་པས།

ཁོང་གི་གྲས་ལས་ མི་༣༡ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་དགོཔ་སྦེ་ ངོས་འཛིན་འབད་ཡོདཔ་དང་ ད་ལྟོ་ སྐྱིད་སྡུག་སྨན་བཅོས་སྡེ་ཚན་གྱིས་ ནདཔ་ཚུ་ལུ་ དུས་སྟབས་ཚུ་ བཟོ་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *