སྐྱབས་རྗེ་མཆོག་གིས་ ཆོས་སྡེ་ཚུ་ལུ་ སྐུ་རིམ་བསྒྲུབ་དགོ་པའི་བཀའ་རྒྱ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ རྒྱལ་ཁབ་ཀྱི་དོན་ལུ་ སྐུ་རིམ་བསྒྲུབ་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལཝ་ད་ གཞུང་གྲྭ་ཚང་གི་ མངའ་འོག་ལུ་ཡོད་པའི་ རབ་སྡེ་ཁག་གིས་གཙོས་པའི་ ཆོས་སྡེ་ཡོངས་ཀྱིས་ ད་རིས་ལས་འགོ་བཙུགས་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་ཚུན་ ཟླཝ་ལྷགཔ་ཅིག་གི་རིང་ ཨོ་རྒྱན་རིན་པོ་ཆེའི་མཚན་སྔགས་ བཛྲ་གུ་རུ་དང་ སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ ཡི་གེ་དྲུག་མ་ སངས་རྒྱས་སྨན་བླའི་མཚན་སྔགས་ དེ་ལས་ གསོལ་འདེབས་འཇིག་རྟེན་དབང་ཕྱུག་ཚུ་ གང་མང་གསག་དགོཔ་སྦེ་ ཨིན་པས།

དེ་དང་གཅིག་ཁར་ རྡོར་སེམས་དང་ རྡོ་རྗེ་རྣམ་པར་འཇོམས་པའི་ གཟུངས་སྔགས་ཀྱི་སྒོ་ལས་ གནད་སྨིན་སྒྲུབ་པའི་ བུམ་ཆུ་དང་ སྔགས་ཆུ་ཚུ་ཡང་ རང་སོའི་ས་ཁོངས་ཀྱི་ མངའ་འོག་ལུ་ཡོད་པའི་ མི་སེར་ཚུ་ལུ་ བགོ་བཀྲམ་འབད་དགོཔ་ཨིན་པས།

སྐྱབས་རྗེ་མཆོག་གིས་ དེ་བཟུམ་མའི་ བཀའ་རྒྱ་གནང་དགོ་མི་དེ་ཡང་ རྒྱ་གར་རྒྱལ་ཁབ་ནང་ ནད་འབུབ་ཀོ་བིཌ་-༡༩ འི་གནས་སྟངས་དེ་ འཚུབས་དྲགས་ཅིག་ལུ་ གྱུར་ཡོདཔ་མ་ཚད་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ ཉེན་ཁ་ཆེ་སུ་སྦེ་ར་ བྱུང་དོ་ཡོད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *