རྩི་ནག་གཏང་པའི་བསྒང་ཡོད་མི་ སྐོར་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ།

སྐོར་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི་དེ་ ད་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ཡོདཔ།

༉ ཀྲོང་གསར་སྐོར་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི་དེ་ ད་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ཨིན་པས།

ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་དང་འཁྲིལཝ་ད་ འཁོར་ལམ་རྩི་ནག་གཏང་ནི་དེ་ ཁག་འབག་གན་ཡིག་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ མཇུག་བསྡུ་དགོཔ་སྦེ་ཨིན་པས།

ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནི་དེ་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ད་ དེ་ཡང་ ཤུལ་མའི་ འཆར་ལོ་ནང་ ཕྱིར་ལུད་མེད་པའི་ཁར་ འཆར་དངུལ་ཡང་ མེད་ནི་དེ་གིས་ཨིན་པས།

ད་རེས་ཀྱི་ བཟོ་སྐྲུན་ལས་སྡེ་གིས་ རྩི་ནག་གཏང་ནིའི་ ལཱ་འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ ལཱ་མཇུག་མ་བསྡུ་བར་ཡོདཔ་ལས་ རྒེད་འོག་བདག་སྐྱོང་དང་མི་ཚུ་ སེམས་དང་མ་ལྡན་པར་འདུག།

རྒེད་འོག་བདག་སྐྱོང་དང་འཁྲིལཝ་ད་ ད་ལྟོ་ རྩི་ནག་བཏང་མི་དེ་ སྤུས་ཚད་དང་ལྡནམ་སྦེ་ མིན་འདུག་ཟེར་ཨིན་པས།

དམངས་མི་ ཡེ་ཤེས་དངོས་གྲུབ་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་ འཁོར་ལམ་རྩི་ནག་བཏང་མི་ལུ་ སེམས་དགའ་ཡོདཔ་ཨིན་རུང་ སྤུས་ཚད་མེད་མི་ལུ་ལྟ་སྟེ་ སེམས་དང་མ་ལྡན་པར་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཕྲུལ་རིག་ཐོག་ལས་ ལཱ་འབད་དགོ་པའི་ གནས་སྟངས་ནང་ ས་གནས་ཀྱི་མི་ཚུ་གིས་འབད་དོ་ཡོདཔ་ད་ སྤུས་ཚད་ལུ་ དོགས་པ་ཡོད་ཟེར་ཨིན་པས།

དམངས་མི་གིས་ སླབ་མིའི་ནང་ ད་རེས་ཀྱི་ རྩི་ནག་དེ་ ཐལཝ་གུ་བཏང་དོ་ཡོདཔ་ལས་ ཡུན་བརྟན་གྱི་ ཚ་གྱང་ཡོད་ཟེར་ཨིན་པས།

འབྲུག་བསམ་གྲུབ་ལས་སྡེ་གི་ ལྟ་རྟོག་པ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁག་འབག་གན་ཡིག་ནང་ ད་ལྟོ་ཡོད་པའི་ ལམ་ལེགས་བཅོས་འབད་ནི་དང་ ཆུ་གཡུར་བཏོན་ནི་ དེ་ལས་ ལམ་རྩི་ནག་གཏང་ནི་ཚུ་ ཚུད་ཡོདཔ་སྦེ་ཨིན་པས།

ཁག་འབགཔ་གིས་ སླབ་མིའི་ནང་ ཐལཝ་འཕྱག་ནིའི་འཕྲུལ་དེ་ཡང་ འཕྲལ་མགྱོགས་ར་ ལྷོད་འོང་ཟེར་ཨིན་པས།

སྐོར་ཕུག་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནིའི་ལཱ་དེ་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ཡོདཔ་ད་ ད་ལྟོའི་བར་ན་ཡང་ མཇུག་མ་བསྡུ་བར་ ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *