ཨེ་ཤི་ཡཱན་བཟའ་ཆས་དང་ སོ་ནམ་མཉམ་འབྲེལ་བརྩོན་ཤུགས་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ཚུ།

སོ་ནམ་ལྷན་ཁག་གིས་ རང་བཞིན་གྱིས་སྨིན་པའི་ བསམ་གཞི་ཚུ་བཟོ་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ རང་བཞིན་གྱིས་སྨིན་པའི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནིའི་དོན་ལུ་ སོ་ནམ་ལྷན་ཁག་གིས་ རང་བཞིན་གྱིས་སྨིན་པའི་བསམ་གཞི་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ལས་ ཐིམ་ཕུག་ལུ་སྦེ་ ཤིང་འབྲས་ལྡུམ་ར་རིག་པ་ བརྗེ་སོར་འབད་ནིའི་དོན་ལུ་ ཨེ་ཤི་ཡཱའི་ བཟའ་ཆས་དང་སོ་ནམ་མཉམ་འབྲེལ་ བརྩོན་ཤུགས་ཀྱི་ཞལ་འཛོམས་ འགོ་འབྱེད་འབདཝ་དང་འབྲེལ་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ བཤད་ཅི།
བློན་པོ་གིས་འབད་བ་ཅིན་ མཉམ་འབྲེལ་བརྩོན་ཤུགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལྡུམ་ར་བསམ་གཞི་ བཟོ་མི་དེ་གིས་ གཡུས་སྒོ་གཞན་ཚུ་ནང་ཡང་ ལྷན་ཐབས་འབྱུང་ཚུགས་པའི་ཁར་ རང་བཞིན་གྱིས་སྨིན་པའི་ རྒྱལ་ཁབ་བཟོ་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
ཞལ་འཛོམས་ནང་ ཨེ་ཤི་ཡཱ་གི་བཟའ་ཆས་དང་སོ་ནམ་མཉམ་འབྲེལ་གྱི་ འཐུས་མི་༡༤ གིས་ བཅའ་མར་གཏོགས་མི་ཚུ་གི་བར་ན་ ཤིང་འབྲས་ལྡུམ་ར་གི་ ལོ་ཐོག་བསྡུ་གསོག་དང་ སོ་ནམ་ལཱ་ ལེགས་ལྡན་ཐོག་ལུ་ འབད་ནིའི་སྐོར་ལས་ ཤེས་ཡོན་བརྗེ་སོར་འབད་ནི་ཨིན་པས།
མཉམ་འབྲེལ་དེ་གི་ དམིགས་ཡུལ་དེ་ཡང་ ཨེ་ཤི་ཡཱན་ལུང་ཕྱོགས་ནང་ ཉེན་སྲུང་ཐོན་སྐྱེད་དང་ ལོ་ཐོག་བསྡུ་གསོག་གི་ གྱོང་རྒུད་མར་ཕབ་འབད་ནིའི་ ཐབས་ཤེས་ཚུ་ བཏོན་ནི་ཨིན་པས།
ལོ་ཐོག་བསྡུ་གསོག་གི་དོན་ལུ་ ཡེ་ཤི་ཡཱན་རྒྱལ་ཁབ་ཀྱི་ སོ་ནམ་དང་འབྲེལ་བའི་ ལག་དེབ་༣༩ བཟོ་ཐོག་ལས་ བཀྲམ་སྤེལ་དང་ སྦྱོང་བརྡར་ཚུ་འབད་ཡོདཔ་བཞིན་དུ་ ལོ་ཐོག་བསྡུ་གསོག་གི་གྲུབ་འབྲས་དེ་ བརྒྱ་ཆ་༢༤ དེ་ཅིག་ མར་ཕབ་འབད་ཡོད་པའི་ཁར་ ལོ་ཐོག་གི་རིགས་བརྒྱ་ཆ་༢༠ དེ་ཅིག་གིས་ འོང་འབབ་ཡར་སོང་ཡི་ཟེར་ མཉམ་འབྲེལ་གྱི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
ཞལ་འཛོམས་དེ་ལུ་བརྟེན་ བཟའ་ཆས་དང་ སོ་ནམ་མཉམ་འབྲེལ་བརྩོན་ཤུགས་ཀྱིས་ ཨེ་ཤི་ཡཱ་གི་རྒྱལ་ཁབ་ནང་ ཉེན་སྲུང་ཅན་གྱི་ ཤིང་འབྲས་ལྡུམ་རའི་ ཐོན་སྐྱེད་ཡར་དྲག་གཏང་ནི་དང་ ལོ་ཐོག་བསྡུ་གསོག་ཐབས་ཤེས་བཏོན་ནི་ལུ་ སྒྲིང་སྒྲི་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སོ་ནམ་དང་འབྲེལ་བའི་ལག་དེབ་༢༣ བཟོ་མི་དེ་གིས་ཡང་ བང་ལ་དེཤ་ལུ་ ས་ཆ་ཧེཊ་ཊར་རེ་ལུ་ ལོ་ཐོག་མེ་ཊིག་ཊཱོན་༢༡.༥ དེ་ཅིག་ ཐོན་སྐྱེད་འབད་ནི་ལུ་ ཡར་དྲག་གཏང་ཚུགས་ཡོདཔ་མ་ཚད་ ཨིན་ཌོ་ནེ་ཤི་ཡ་ལུ་ཡང་ ཨེ་མ་གི་ གོང་ཚད་དོ་མགྲན་དེ་ཡང་ ཚར་༢.༨ ཀྱིས་ ཡར་སེང་སོང་ཡོདཔ་ཨིན་པས།
ལས་རིམ་དེ་གིས་ རྒྱལ་ཁབ་ནང་ ཉེན་སྲུང་དང་ལྡན་པའི་ལོ་ཐོག་ཚུ་ ཐོན་སྐྱེད་འབད་ནི་ལུ་ ལྷན་ཐབས་འབད་ཚུགསཔ་བཞིན་དུ་ རང་བཞིན་གནས་སྟངས་གོང་འཕེལ་སོང་བའི་ རྒྱལ་ཁབ་༤ གིས་ རྒྱབ་སྐྱོར་ཐོག་ལས་ རང་བཞིན་གྱིས་སྨིན་པའི་ རྒྱལ་ཁབ་བཟོ་ནི་ལུ་ འོས་འབབ་ཡོདཔ་ཨིན་པས།
ཀོ་རི་ཡ་གི་ གྲོང་གསེབ་གོང་འཕེལ་བདག་སྐྱོང་གི་ གྲོགས་རམ་ལུ་བརྟེན་ རྒྱལ་ཁབ་ཀྱིས་ ལས་འགུལ་༩ ལག་ལེན་འཐབ་ཡོད་མི་ཚུ་ཡང་ ཡུན་བརྟན་སོ་ནམ་ཐབས་ཤེས་དང་ ནད་འབུབ་འཛིན་སྐྱོང་གི་དོན་ལུ་ བརྡ་དོན་ལམ་ལུགས་བཟོ་ནི་ལ་སོགས་པ་ཚུ་གི་དོན་ལུ་ གྲོགས་རམ་དངུལ་ཀྲམ་ས་ཡ་༢༢ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
མཉམ་འབྲེལ་དེ་ཡང་ སྤྱི་ལོ་༢༠༠༩ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ མཉམ་འབྲེལ་ཡོངས་ཁྱབ་མདོ་ཆེན་གྱི་ ཞལ་འཛོམས་ཐེངས་༥ པའི་ནང་ མཉམ་འབྲེལ་ཁྲི་འཛིན་དེ་ སོ་ནམ་བློན་པོ་བཀལ་ཡོདཔ་ད་ འབྲུག་གིས་ མཉམ་འབྲེལ་འཐུས་མི་སྦེ་ སྤྱི་ལོ་༢༠༡༦ ལུ་ འཛུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *