སོ་ནམ་བློན་པོ་གི་བྱ་སྤྱོད་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ ཚོགས་དཔོན་ལུ་ ཞུ་ཡིག་བཙུགས་ཡོདཔ།

༉ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ འདས་པའི་བདུན་ཕྲག་ནང་ དྲི་བཀོད་ལས་རིམ་སྐབས་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཅིག་ལུ་ རྒྱ་གར་ནུབ་བེང་གཱལ་གྱི་ས་གནས་ ཕ་ལ་ཀ་ཊ་གི་ འཐུས་མི་སྦེ་ གསལ་ཞུ་འབད་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ དོགས་སེལ་འབད་དགོ་པའི་སྐོར་ལས་ ཚོགས་དཔོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བཀོད་ལས་རིམ་སྐབས་ བཀྲིས་གཡང་རྩེ་གི་ འབུམ་སྡེ་གླིང་དང་ འཇམ་མཁར་གྱི་འཐུས་མི་ གྲུབ་ཐོབ་ཀྱིས་ གཞུང་གྱིས་ ཕ་ལ་ཀ་ཊ་ལས་ ནང་འདྲེན་འབད་མི་ ཨེ་མ་དང་ ཚོད་བསྲེའི་རིགས་ཚུ་ ནམ་ཚུན་ བཀག་དམ་འབད་དེ་ བཞག་ནི་ཨིན་ན་ཟེར་བའི་ དྲི་བ་ཞུ་མི་ལུ་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ད་རེས་ལས་བརྒལ་ ཚོགས་ཁང་ནང་ ཕ་ལ་ཀ་ཊ་གི་འཐུས་མི་ཡོདཔ་ཨིནམ་ ཁོ་གིས་ མ་ཤེས་ཟེར་ཞུ་ཡི།

དེ་མ་ཚད་ སོ་ནམ་བློན་པོ་གིས་ གཞུང་གིས་ ཚད་གཞི་ལས་བརྒལ་བའི་ རྫས་སྦྱོར་ཡོད་མི་ལུ་བརྟེན་ བཀག་དམ་འབད་ཡོདཔ་མ་ཚད་ བཀག་དམ་འབད་བའི་ཤུལ་ལས་ ཨེ་མ་བཟའ་ནི་མེད་མི་ལུ་བརྟེན་ འབྲུག་མི་ཕུད་རྡོག་གཅིག་ཡང་ ཤི་བའི་གནས་ཚུལ་ མ་གོ་ཟེར་ཞུ་ཡི།

གྲུབ་ཐོབ་ཀྱིས་འབད་བ་ཅིན་ བཀག་དམ་འབད་མི་དེ་གིས་ ནང་འཁོད་ཀྱི་ ཨེ་མ་འཛུགས་སྐྱོང་འབད་མི་དང་ བཟའ་སྤྱོད་འབད་མི་ཚུ་ལུ་ཡང་ བྱ་སྟབས་མ་བདེཝ་བཟོ་ཡོདཔ་མ་ཚད་ ནང་འཁོད་ལས་ལངམ་སྦེ་ ནམ་ཐོན་སྐྱེད་འབད་ཚུགས་ནི་ཨིན་ན་ཟེར་ དྲི་བཀོད་འབད་ཡི།

འཐུས་མི་གྲུབ་ཐོབ་ཀྱིས་ བློན་པོ་གིས་ དེ་བཟུམ་མའི་ ལན་གསལ་ཞུ་མི་དེ་ལུ་ རྣམ་རྟོག་ལང་ཡི་ཟེར་ བཤད་ཡོདཔ་ད་ འགོ་དང་པ་ ག་ཅི་ཞུ་ནི་ཨིན་ན་ མ་ཤེསཔ་ཐལ་སོ་ཡི་ཟེར་ སླབ་ཨིན་རུང་ ཚོགས་ཁང་ནང་ མཐོང་མི་ཚུ་གིས་ འཐུས་མི་ཁོ་ར་ ལན་དེ་བཟུམ་ཞུཝ་ད་ བགའ་སྡོད་ནུག་ཟེར་ཨིན་པས།

ལྡོག་ཕྱོགས་ཚོགས་པ་གིས་ བློན་པོ་གིས་ ཚོགས་ཁང་ནང་ བཟོད་གསོལ་ཞུ་དགོཔ་སྦེ་ སླབ་དོ་ཡོདཔ་ད་ དྲི་བཀོད་ཀྱི་སྐབས་ལུ་ཡང་ འཐུས་མི་དང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་གཞན་ཚུ་གིས་ གནད་དོན་དེ་ལུ་ ཞུ་ནི་གི་ དཔའ་བཅམ་ཡོད་རུང་ ཚོགས་དཔོན་འོགམ་གིས་ ཞུ་ནིའི་གོ་སྐབས་མ་བྱིན།

འཐུས་མི་གིས་ ཁྲིམས་བཟོའི་འཐུས་མི་ཅིག་ལུ་ དེ་བཟུམ་མའི་ མ་དགའ་བའི་ཚིག་ སླབ་མི་རུང་ཟེར་ཨིནམ་ད་ བློན་པོ་གིས་ ཁྲིམས་མཐུན་མེན་པའི་ ཚིག་སླབ་མི་ལུ་ རྒྱལ་ཡོངས་ཚོགས་འདུ་གི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ འབད་དགོཔ་སྦེ་ སླབ་དོ་ཡོདཔ་ད་ ཚོགས་ཁང་གིས་ དེ་བཟུམ་འབད་མི་ཚུ་ བཅོ་ཁ་རྐྱབ་དགོ་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གི་ བྱ་བའི་གནད་སྤྱྲོད་ཀྱི་བཅའ་ཁྲིམས་ཀྱི་ དོན་ཚན་༢༦༤ པ་དང་འཁྲིལཝ་ད་ མ་གུས་པའི་བྱ་བ་ཚུ་ཡང་ ཚོགས་ཁང་དང་ ཚོགས་ཆུང་ལུ་ སྤྱོད་ངན་འབད་མི་ཚུ་ ཚུད་ནི་ཨིན་པས།

བྱ་བའི་གནད་སྤྱོད་དང་འཁྲིལཝ་ད་ དེ་བཟུམ་འབད་མི་ཚུ་ལུ་ མཐོ་ཤོས་ལོ་༥ ཚུན་གྱི་ རྒྱལ་ཡོངས་ལས་མིའི་ གླ་ཆ་གུ་ རྩིས་རྐྱབ་སྟེ་ སྤྲོད་དགོཔ་སྦེ་ ཡོདཔ་ཨིན་པས།

བཅའ་ཁྲིམས་དང་འཁྲིལཝ་ད་ བཅའ་ཁྲིམས་དེ་གི་ དོན་ཚན་ཚུ་ཡང་ འགལ་བ་འབད་མི་ཚུ་ལུ་ ཉེས་བྱ་ ཡང་ན་ གནས་སྐབས་ཀྱི་རིང་ དགོངས་ཕོག་གཏང་ནི་དང་ འཐུས་མི་ཚུ་གི་ ས་གོ་ནང་ལས་ བཏོན་གཏང་ནི་ཚུ་ཡོདཔ་ཨིན་རུང་ དེ་ཚུ་ག་ར་ ཚོགས་དཔོན་གྱིས་ གྲོས་ཐག་གཅད་དགོ་ནི་ཨིན་པས།

བྱ་བའི་གནད་སྤྱོད་དང་འཁྲིལཝ་ད་ འཐུས་མི་ཚུ་གིས་ ཚོགས་ཁང་ནང་ སྒྲིག་མཐུན་འབད་དགོཔ་སྦེ་ ཡོད་པའི་ཁར་ ཚོགས་དཔོན་གྱིས་ ཚོགས་ཁང་ནང་ ལག་ལེན་འཐབ་མི་ཚིག་ཚུ་ མ་གུས་པ་དང་ གཞན་ལུ་གནོད་པའི་ཚིག་ཚུ་ཨིན་པ་ཅིན་ ཚོགས་དཔོན་གྱི་ དབང་ཚད་ཐོག་ལས་ བཏོན་གཏང་དགོཔ་སྦེ་ ཡོདཔ་ཨིན་པས།

མཁར་གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་གིས་ དྲི་བཀོད་ལས་རིམ་སྐབས་ འཐུས་མི་གིས་ ཚོགས་ཁང་ནང་ཡོད་མི་ འཐུས་མི་ག་ར་ མི་སེར་གྱི་འཐུས་མི་ཨིནམ་ལས་ དེ་བཟུམ་འབད་མི་ཆོག་ཟེར་ཞུ་ཡི།

དྲི་བཀོད་ལས་རིམ་གྱི་ བརམ་གྲོལ་ཏེ་ ལོག་ཚོགས་ཁང་ནང་འཛོམས་ད་ འཐུས་མི་གྲུབ་ཐོབ་ཀྱིས་ ཁོ་རའི་ འདེམས་ཁོངས་ནང་ལས་ མི་ཚུ་གིས་ མ་གུས་པའི་ཐོག་ལས་ ཞུ་མི་ལུ་ སེམས་ཕམ་ཡོད་ཟེར་ ཞུ་ཡོད་རུང་ སོ་ནམ་བློན་པོ་གིས་ གནད་དོན་དེ་ལུ་ ག་ནི་ཡང་ སླབ་མ་བཏུབ་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *