སཱག་ལུང་ཕྱོགས་ནང་ ན་གཞོན་ཚོང་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ མ་དངུལ་དགོཔ།

༉ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ན་གཞོན་ཚོང་འབྲེལ་ཞལ་འཛོམས་སྐབས་ སཱག་འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ ལྟ་བཤལ་དང་ རྒྱུན་ལམ་གོང་འཕེལ་གཏང་ནིའི་སྐོར་ལས་ གྲོས་བསྟུན་རྒྱས་པར་འབད་ཡི།
ཁ་ཙ་ མཇུག་བསྡུ་མི་ ཉིན་གྲངས་གསུམ་གྱི་ ཞལ་འཛོམས་སྐབས་ སཱག་ལུང་ཕྱོགས་ནང་ ན་གཞོན་ཚོང་འབྲེལ་དང་ ལྟ་བཤལ་ དེ་ལས་ རྒྱུན་འབྲེལ་གྱི་ དཀའ་ངལ་ཡོད་མི་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ གནད་དོན་དེ་ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་༧༠ པའི་ནང་ གྲོས་གཞི་སྦེ་བཙུགས་ནི་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ སཱག་ལུང་ཕྱོགས་ནང་ གོང་འཕེལ་གཏང་ནི་ལུ་ གདོང་ལེན་སྦོམ་ཤོས་ར་ གཞི་རྟེན་མཁོ་ཆས་ཚུ་ ལེགས་ཤོམ་མེད་མི་དང་ ཚོང་ཁྲལ་མངམ་བཀལ་མི་ གོང་འཕེལ་ལཱ་གི་དོན་ལུ་ མ་རྩ་ལེགས་ཤོམ་མེད་མི་ དེ་ལས་ བདག་སྐྱོང་དང་འབྲེལ་བའི་ལཱ་ ལེགས་ཤོམ་འབད་ནི་མེད་མི་དེ་ ཨིན་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ སཱག་ལུང་ཕྱོགས་དང་ ན་གཞོན་བརྒྱ་ཆ་༣༥ ཡོད་རུང་ ཚོང་ལཱ་དང་འབྲེལ་བའི་གོ་སྐབས་ ལེན་མ་ཚུགས་མི་དེ་ མ་རྩའི་རྒྱབ་སྐྱོར་ ལེགས་ཤོམ་མ་འཐོབ་ནི་དེ་གིས་ཨིན་ཟེར་ཨིན་པས།
ཞལ་འཛོམས་སྐབས་ འཐུས་མི་ཚུ་གིས་འབད་བ་ཅིན་ ལུང་ཕྱོགས་ཀྱི་ ན་གཞོན་ཚུ་གིས་ ཚོང་ལཱ་ཚུ་ནང་ སྤྲོ་བ་ལེན་ནིའི་དོན་ལུ་ མ་རྩའི་རྒྱབ་སྐྱོར་འབད་ནི་གི་ ཐབས་ཤེས་བཏོན་དགོ་པའི་ གསུང་གྲོས་གནང་ཡོདཔ་ད་ དེ་ཡང་ ན་གཞོན་ཚོང་འབྲེལ་གོང་འཕེལ་གཏང་དགོ་པ་ཅིན་ མ་རྩ་དེ་ གཞི་རྟེན་ཨིནམ་ལས་བརྟེན་ཨིན་པས།
སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨཱམ་ཇིཏ་ ཧུ་སཱིན་གྱིས་ སླབ་མིའི་ནང་ ལུང་ཕྱོགས་ནང་ ན་གཞོན་དང་འབྲེལ་བའི་ ཚོང་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བ་བརྡ་སྤྲོད་འབད་དགོཔ་འདུག་ཟེར་ཨིནམ་མ་ཚད་ སཱག་ལུང་ཕྱོགས་ནང་ ཐོགས་ཆགས་མེད་པའི་ཚོང་འབྲེལ་གྱི་ གན་ཡིག་ཚུ་ཡང་ བསྐྱར་གསོ་འབད་དགོཔ་འདུག་ཟེར་ཨིན་པས།
ཞལ་འཛོམས་ཉིནམ་དང་པའི་ནང་ བཀོད་ཚོགས་ཀྱི་ ཞལ་འཛོམས་འཚོགས་མི་དང་འབྲེལ་ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ན་གཞོན་ཚོང་འབྲེལ་གྱི་ གཙོ་འཛིན་དེ་ འབྲུག་ལས་ སེངྒེ་རྣམ་རྒྱལ་ བསྐོ་བཞག་འབད་ཡོདཔ་ད་ དེའི་ཧེ་མར་ ནེ་པཱལ་ལས་ སའུ་རཱབ་ ཇོ་ཡི་ཏི་དེ་ཨིནམ་ད་ གཙོ་འཛིན་གྱི་ གནས་ཡུན་དེ་ ལོ་༢ ཨིན་པས།
སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ན་གཞོན་ཚོང་འབྲེལ་དེ་ ལུང་ཕྱོགས་ནང་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ མཐུན་འབྲེལ་གོང་འཕེལ་གཏང་ཐོག་ལས་ ན་གཞོན་ཚོང་འབྲེལ་དང་ དཔལ་འབྱོར་གོང་འཕེལ་ དེ་ལས་ ལམ་སྲོལ་དང་མི་སྡེ་ གོང་འཕེལ་གཏང་ནིའི་དོན་ལས་ སྤྱི་ལོ་༡༩༩༢ ལུ་ གཞི་བཙུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *