༉ ས་ཁ་མཐོ་སའི་ས་གནས་ སག་སྟེང་གི་ མི་སེར་ཚུ་ལུ་ བརྡ་བརྒྱུད་ཀྱི་སྐོར་ལས་ ཤེས་རྟོགས་ལེགས་ཤོམ་མེདཔ་ཨིན་པས།
དེ་ཡང་ ཁ་ཙ་ སག་སྟེང་ལུ་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་དམངས་གཙོའི་རིང་ལུགས་ཀྱི་མ་དངུལ་ (ཡུ་ཨེན་དི་ཨི་ཨེཕ) གྱི་ རྒྱབ་སྐྱོར་ཐོག་ལས་ བརྡ་བརྒྱུད་ཀྱི་གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཤེས་རྟོགས་བྱུང་ཡི།
སྦྱོང་བརྡར་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ནང་ སག་སྟེང་གི་མི་སེར་༨༠ གིས་ བཅའ་མར་གཏོགས་མིའི་གྲས་ལས་༡༠ གྱིས་ བརྡ་བརྒྱུད་གསར་ཤོག་སྐོར་ལས་ ཤེས་རྟོགས་ཡོད་རུང་ རྫོང་ཁའི་ཀུན་གསལ་ལྷག་མི་ གཞི་རྟེན་ཤེས་ཡོན་ལྷབ་མི་ ཕུད་རྡོག་གཅིག་གིས་ བཀྲིས་སྒང་ལུ་འགྱོཝ་ད་ ཉོ་སྟེ་ལྷག་དོ་ཟེར་ སླབ་ཨིན་པས།
དེ་ལས་ བརྡ་བརྒྱུད་གསརཔ་ནང་ལས་ ཝི་ཅེཌ་ལག་ལེན་འཐབ་མི་༡༢ ཡོདཔ་ཨིན་རུང་ རྒྱང་བསྒྲགས་རེ་དྲིའོ་ཉན་མི་༥༤ དང་ རྒྱང་མཐོང་ཏི་བི་ལྟ་མི་༤༣ ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།