བདེ་སྲུངཔ་ཚུ་གིས་ ལྷ་དབང་གཡུ་རྒྱལ་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ ཟླཝ་༡ གི་རིང་ ས་བརྐོ་འཕྲུལ་ཆས་ལག་ལེན་འཐབ་ཐངས་དང་ འཕྲུལ་ཆས་ཉམས་བཅོས་འབད་ནིའི་དོན་ལུ་ ཟླཝ་༣ གྱི་རིང་ སྦྱོང་བརྡར་འབད་ནུག།

ས་བརྐོ་འཕྲུལ་ཆས་ལག་ལེན་དང་ ཉམས་བཅོས་ཀྱི་དོན་ལུ་ བདེ་སྲུངཔ་༡༩ གྲ་སྒྲིག་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ ས་བརྐོ་འཕྲུལ་ཆས་ལག་ལེན་དང་ ཉམས་བཅོས་འབད་ནིའི་ སྦྱོང་བརྡར་ཚུ་ མཇུག་བསྡུ་མི་དང་བསྟུན་ བདེ་སྲུངཔ་༡༩ ལཱ་འབད་ཆོག་ཆོ་སྦེ་སྡོད་ནུག།

བདེ་སྲུངཔ་ཚུ་གིས་ ལྷ་དབང་གཡུ་རྒྱལ་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ ཟླཝ་༡ གི་རིང་ ས་བརྐོ་འཕྲུལ་ཆས་ལག་ལེན་འཐབ་ཐངས་དང་ འཕྲུལ་ཆས་ཉམས་བཅོས་འབད་ནིའི་དོན་ལུ་ ཟླཝ་༣ གྱི་རིང་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།

སྤེལ་ཁང་དེ་ནང་ལས་ འབྲུག་པའི་སློབ་སྟོན་པ་ཅིག་གིས་ བདེ་སྲུངཔ་ཚུ་ལུ་ ཨེགསི་ཀེ་བེ་ཊར་འཕྲུལ་ཆས་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་ སྦྱོང་བརྡར་བྱིན་ཡོདཔ་མ་ཚད་ འཕྲུལ་ཆས་ཉམས་བཅོས་ཀྱི་ སྦྱོང་བརྡར་དེ་ ཕི་ལི་པིནསི་ལས་ སློབ་སྟོན་པ་ཅིག་གིས་ བྱིན་ཡོདཔ་ཨིན་པས།

སྐྱེས་ལོ་༢༥ ཡན་ཆད་འབད་མི་ བདེ་སྲུངཔ་ཚུ་གིས་ འཕྲུལ་ཆས་ལག་ལེན་གྱི་ ཆོག་ཐམ་ཐོབ་ཡོདཔ་བཞིན་དུ་ སྐྱེས་ལོ་༢༥ མན་ཆད་འབད་མི་ཚུ་གིས་ ཆོག་ཐམ་མ་ཐོབ་རུང་ སྦྱོང་བརྡར་ནང་ལས་ མཐར་འཁྱོལ་བྱུང་ཡོདཔ་ད་ ཁོང་ཆ་ཁྱབ་ ཟླཝ་༣ གྱི་རིང་ གཡོག་སྦྱོང་གི་དོན་ལུ་ རྒྱལ་སྲུང་ལས་འགུལ་དང་ སྒེར་སྡེ་ དེ་ལས་ ལས་འཛིན་ལ་སོགས་པའི་ ལས་སྡེ་ཚུ་ནང་ གཏང་ནི་ཨིན་པས།

སྦྱོང་བརྡར་མཇུག་བསྡུའི་ རྟེན་འབྲེལ་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བདེ་སྲུངཔ་ཚུ་ དུས་མཐུན་སྦེ་ བཞག་ནིའི་དོན་ལུ་ རིག་རྩལ་གོང་འཕེལ་ལ་སོགས་པའི་ ལས་རིམ་ལེ་ཤ་ འགོ་འདྲེན་འཐབ་ནི་ཨིན་མི་དེ་གིས་ རང་རྐྱངམ་གཅིག་མེན་པར་ འཚོ་སྐྱོང་དང་ ཕམ་སྤུན་ཆ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་གསུངས་ཡི། 

བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ འཕྲུལ་རིག་གོང་འཕེལ་འགྱོ་བའི་ ནམ་དུས་ལུ་ རིག་རྩལ་ཚུ་ཡང་ གོང་འཕེལ་གཏང་ཐོག་ དུས་མཐུན་སྦེ་ བཞག་དགོཔ་དེ་ ཁག་ཆེ་ནི་ཨིནམ་མ་ཚད་ བཟའ་ཚང་འཚོ་སྐྱོང་འཐབ་ནི་དང་ རྒྱབ་སྐྱོར་འབད་ནིའི་ ལྕོགས་གྲུབ་ཡོད་པ་ཅིན་ མི་དབང་མངའ་ཞབས་མཆོག་གི་ ཐུགས་དགོངས་འགྲུབ་ནི་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ཚུགས་པའི་གྲངས་སུ་ ཨིན་ཟེར་ཨིན་པས།

བདེ་སྲུང་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་དང་ མི་སྡེ་བསྒྱུར་བཅོས་ཀྱི་ ཐབས་ལམ་ངོ་མ་ཅིག་ལུ་ འགྱུར་དོ་ཡོདཔ་ལས་ གཞན་ག་གིས་ཡང་ འབད་མི་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ཡེ་ཤེས་དཔལ་འབྱོར་ཌོ་ཡ་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ ལཱ་གཡོག་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཅིག་ཨིནམ་ལས་ ལེགས་ཤོམ་སྦེ་ མཇུག་བསྡུ་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ གཡོག་སྦྱོང་གི་ དུས་ཡུན་ཚང་བའི་ཤུལ་ལས་ འཕྲུལ་ཆས་ཨེགསི་ཀེ་བེ་ཊར་ལག་ལེན་པ་སྦེ་ ཕྱག་ཞུ་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ བདེ་སྲུངཔ་བསོད་ནམས་བཀྲིས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁོ་ར་ ལཱ་གཡོག་མེད་པར་ སྡོད་ཡོད་རུང་ ད་ལས་ཕར་ སྦྱོང་བརྡར་དེ་ལུ་བརྟེན་ ལཱ་གཡོག་མ་འཐོབ་པའི་ ཐེ་ཚོམ་མེད་ཟེར་ཨིནམ་ད་ ཁོ་གིས་ འཕྲུལ་ཆས་ཉམས་བཅོས་འབད་ནིའི་ རིག་རྩལ་དེ་ ཡར་དྲག་དང་ གོང་འཕེལ་གཏང་ཐོག་ འཕྲུལ་ཆས་བཅོ་མི་སྦེ་ སྡོད་ནི་ཟེར བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *