ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དོན་ལུ་ འོས་ལྡན་ཤེས་ཚད་བཟོ་དགོཔ།

༉ དང་ཕུ་ ཕམ་རྒན་ཤོས་ཚུ་གིས་ སླབ་དོ་བཟུམ་སྦེ་ རྒྱ་ནམ་མཁའི་སྐརམ་དང་ བོད་ཁྲི་འཁོར་བཅུ་གསུམ་ཟེར་བའི་ རྒྱལ་ཁབ་སྦོམ་གཉིས་ཀྱི་སྦུག་ལུ་ ལྷོཔ་གཟར་རུ་གངམ་རྒྱལ་ཁབ་ཟེར་བའི་ མིང་གཏམ་གནས་ཏེ་ཡོད་མི་འདི་ ང་བཅས་རའི་ མི་སེར་ཚུ་ག་ར་ དགའ་སྐྱིད་ཀྱི་ངང་ལུ་ སྡོད་ནིའི་གོ་སྐབས་ཐོབ་ནུག་ཟེར་ཞུ་ནི།
ཨིན་རུང་ མི་སེར་ཚུ་ལུ་གནང་མི་ དབང་ཚད་ཕྱིར་སྤེལ་དེ་ ལ་ལོ་ཅིག་གིས་ ལོག་སྤྱོད་འབད་དོ་ཡོདཔ་ད་ དེའི་ནང་ལས་ དབང་ཚད་ལོག་སྤྱོད་ཧྲིལ་བུམ་སྤྱོད་མི་དེ་ ས་གནས་གཞུང་གི་འགོ་ཁྲིདཔ་དང་ བཟོ་རིག་འགོ་དཔོན་ དེ་ལས་ རྫོང་ཁག་ནང་འཁོད་ཡོད་པའི་ ལས་ཁུངས་ཁག་གི་འགོ་དཔོན་ཚུ་གིས་ བརྒྱ་ཆ་ལས་བརྒྱ་སྦེ་ར་ སྤྱོད་དོ་བཟུམ་མས་ཟེར་ཞུ་ནི།
དེ་འབད་ནི་འདི་གིས་ ས་གནས་གཞུང་ནང་ ཕྱག་ལཱ་གནང་མི་ཚུ་ལུ་ ངེས་པར་དུ་ ཤེས་ཚད་དགོཔ་འདུག་ཟེར་ཞུ་ནི།
ད་རེས་ གནས་སྟངས་ལུ་བལྟ་བ་ཅིན་ སློབ་རིམ་༡༠ པ་བལྟ་མི་ཕར་བཞག་ སློབ་རིམ་༡༢ པ་དང་ སློབ་རིམ་ཤེས་ཚད་ཡོད་མི་ ནམ་མཁའི་སྐརམ་དང་འདྲ་བས་ཟེར་ཞུ་ནི།
ས་གནས་གཞུང་ནང་ ཕྱག་ལཱ་གནང་མིའི་ཤེས་ཚད་དེ་ ཡང་ཅིན་ ཨིང་སྐད་དང་རྫོང་ཁ་གཉིས་ཆ་ར་ འབྲི་ལྷག་ཤེས་ཚུགསཔ་ཅིག་དང་ ཡང་ཅིན་ རྒཔོ་དང་དམངས་མི་ཚུ་ མཐོ་རིམ་ཤེས་ཚད་དང་ རྒེད་འོག་ཚོགས་པ་ཚུ་གི་ ཤེས་ཚད་དེ་ སློབ་རིམ་༡༢ པ་དགོ་པའི་ བཅའ་ཁྲིམས་བསྒྱུར་བཅོས་འབད་དགོ་པའི་ དུས་ཚོད་རན་ནུག་ཟེར་ཞུ་ནི།
དེ་ཡང་ ད་རེས་ནངས་པར་ ས་གནས་གཞུང་ནང་ ཕྱག་ལཱ་གནང་མི་ ལ་ལོ་ཅིག་ལུ་ ཞུ་ནི་མེད་རུང་ ལ་ལོ་གི་ ཤེས་ཚད་ལུ་ལྟཝ་ད་ རྒྱལ་ཁབ་ནང་ ལྕོགས་གྲུབ་ཅན་དང་ ཡོན་ཏན་ཡོད་མི་ རྩ་ལས་ར་ མེདཔ་བཟུམ་སྦེ་ མཇལཝ་མས་ཟེར་ཞུ་ནི།
དེ་ཡང་ གཞི་རྟེན་ཤེས་ཡོན་ལྷབ་ལྷབ་ཨིན་ཟེར་ རང་གི་མིང་ཙམ་ཡང་ འབྲི་མ་ཤེས་མི་ཡོདཔ་ད་ དེ་གིས་ ན་གཞོན་ཡོན་ཏན་ཡོད་མི་ མང་རབས་ཅིག་ལུ་ གནོད་པ་རྐྱབ་སྟེ་ཡོད་ཟེར་ཞུ་ནི།
ཤུལ་མའི་ ས་གནས་གཞུང་ནང་ བཅའ་མར་གཏོགས་མི་ཚུ་གི་ཤེས་ཚད་དེ་ གོང་ལུ་ཞུ་དོ་བཟུམ་སྦེ་ བསྒྱུར་བཅོས་གནང་ཚུགས་པ་ཅིན་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ བསལ་ཚུགས་པའི་ཁར་ རྒེད་འོག་ནང་ལས་ཕར་ གུང་སྟོང་གི་དཀའ་ངལ་ཡང་ རང་བཞིན་གྱིས་ སེལ་འགྱོ་འོང་ཟེར་ཞུ་ནི།
དེ་འབདཝ་ལས་ རྒེད་འོག་ནང་ ངན་ལྷད་ཀྱི་ཐོག་ལས་ ཏི་རུ་སྤྲོད་དེ་ ཚོགས་རྒྱན་བཙུགས་བཅུག་མི་ཚུ་གི་དབང་དུ་ཐལ་ནི་མེན་པར་ མ་འོངས་རྒྱལ་ཁབ་ཀྱི་ བཙན་ཐབས་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐུགས་བཞེད་ལེགས་ཤོམ་གནང་དགོ་པའི་ དུས་ལུ་ལྷོད་ནུག་ཟེར་ ཞུ་ནི་ལགས།

པདྨ་རྡོ་རྗེ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *