སྤ་རོ་རྫོང་ཁག་ཁྲོམ་སྡེ་ངོ་ཚབ་ཀྱི་ བཙག་འཐུ་སྐབས་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ལས་མེད་པའི་ མཐོང་སྣང་།

ས་གནས་གཞུང་གི་ དུས་མིན་བཙག་འཐུའི་ནང་ ཚོགས་པ་དང་ ངོ་ཚབ་༤ བཙག་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒེད་འོག་ཚོགས་སྡེ་ཚོགས་པ་དང་ རྒེད་འོག་ཚོགས་འདུ་ཚོགས་པ་ རྫོང་ཁག་ཁྲོམ་སྡེ་ཚོགས་པ་ དེ་ལས་ ཁྲོམ་སྡེ་ངོ་ཚབ་ཚུ་གི་ དུས་མིན་བཙག་འཐུ་འབད་མི་དང་འབྲེལ་ ས་གནས་གཞུང་གི་དོན་ལུ་ ས་སྟོང་༥ རྐྱངམ་གཅིག་ སྟོངམ་སྦེ་ ལུས་ཡོདཔ་ཨིན་པས།
དེ་མ་ཚད་ ལྷུན་རྩེ་རྫོང་ཁག་འོག་གི་ དུང་དཀར་སྤྱི་འོག་གི་ རྒེད་འོག་ཚོགས་པ་དང་ དར་ག་ཚེབ་སྦྱིས་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་ ཕུན་ཚོགས་གླིང་སྨད་ཀྱི་ ཁྲོམ་སྡེ་ཚོགས་པ་ དེ་ལས་ སྤ་རོ་རྫོང་ཁག་གི་ ཁྲོམ་སྡེ་ངོ་ཚབ་ཚུ་ཡང་ བཙག་འཐུ་འབད་ཡི།
ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་གི་ དུང་དཀར་འདེམས་ཁོངས་ཀྱི་ ཚོགས་པ་སྦེ་ སངས་རྒྱས་ཚེ་རིང་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་སྨད་ཀྱི་ཚོགས་པ་ ཆུང་ཀུ་ཟླ་བ་དང་ དར་ག་ཚེབ་སྦྱིས་ཚོགས་པ་ མཁའ་འགྲོ་བཙག་འཐུ་འབད་ནུག།
དེ་ལས་ སྤ་རོ་རྫོང་ཁག་ཁྲོམ་སྡེ་ངོ་ཚབ་ཀྱི་ འདེམས་ངོ་གཅིག་ལས་མེད་མི་ བདེ་སྐྱིད་ལྷ་མོ་དེ་ ཁྲོམ་སྡེ་ངོ་ཚབ་སྦེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ བཙག་འཐུ་དེ་ཚུའི་དོན་ལུ་ ཐོ་བཀོད་འབད་མི་ ཚོགས་རྒྱན་བཙུགས་མི་༩༨༦ ཡོད་ས་ལས་༢༥༧ གྱིས་ ཚོགས་རྒྱན་འཕྲུལ་ཆས་ ཨི་བི་ཨེམ་གྱི་ཐོག་ལས་ བཙུགས་ཡོདཔ་ད་ གཞན་༢༥ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་རུང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༢༨.༦ ལས་བརྒལ་ མ་འོངམ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *