བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཤེས་རིག་ལྷན་ཁག་གི་ ལོ་བསྟར་ལཱ་ཤུལ་གན་ཡིག་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

ཤེས་རིག་ལྷན་ཁག་གིས་ ལོ་བསྟར་ལས་དོན་གན་ཡིག་གི་ དམིགས་གཏད་ལ་ལོ་ཅིག་ བསྐྱར་ཞིབ་འབད་དགོཔ།

༉ དམིགས་བསལ་གཙོ་ཅན་ལས་རིམ་ཁག་༩ གི་ འཆར་དངུལ་ཆ་འཇོག་འབད་མི་ལུ་བརྟེན་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཤེས་རིག་ལྷན་ཁག་ལུ་ དམིགས་བསལ་ལས་རིམ་ཁ་སྐོང་དགོཔ་མེད་ཟེར་ ལོ་བསྟར་ལས་དོན་གན་ཡིག་༢༠༡༩ དང་༢༠༢༠ འི་ གསུང་གྲོས་གནང་པའི་སྐབས་ སླབ་ཡོདཔ་ཨིན།
ཤེས་རིག་ལྷན་ཁག་གིས་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་ཚུ་ཡང་ དམིགས་བསལ་ལས་རིམ་ནང་ བཙུགས་དགོ་པའི་ གྲོས་འདེབས་ཕུལ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ཆོས་ཚན་ཚུ་ ཁག་ཆེ་ཏོག་ཏོ་ཨིན་རུང་ གནད་དོན་དེ་ དམིགས་བསལ་གྱི་ གཙོ་ཅན་ལས་རིམ་ནང་ བཞག་ནིའི་ཐད་ཁར་ ཤེས་རིག་ལྷན་ཁག་གིས་ གྲོས་ཆོད་བཏོནམ་ད་ མ་བཏུབ་མེད་ཟེར་ཨིན་པས།
དམིགས་བསལ་གཙོ་ཅན་ལས་རིམ་ནང་ སློབ་དཔོན་ཚུ་གི་ ལྕོགས་གྲུབ་ཡར་སེང་འབད་ནི་ཨིན་ཟེར་ ཚུད་ཡོདཔ་ལས་ བཟོ་རིག་དང་ ཚན་རིག་ རྩིས་ དེ་ལས་ འཕྲུལ་རིག་ཚུ་ ལྷན་ཁག་གིས་ དགོཔ་ངེས་བདེན་ཨིན་པ་ཅིན་ གྲོས་བསྟུན་འབད་གེ་ཟེར་ བློན་ཆེན་གྱིས་ བཤད་ཅི།
ལྷན་ཁག་གིས་ ཞིབ་དཔྱད་འབད་དགོཔ་དེ་ཡང་ དམིགས་བསལ་གཙོ་ཅན་ལས་རིམ་གྱི་དོན་ལུ་ འཆར་དངུལ་ དུང་ཕྱུར་༡༠ ཆ་འཇོག་འབད་མི་དེ་ འཕྲུལ་རིག་དང་ ཚན་རིག་ རྩིས་ དེ་ལས་ བཟོ་རིག་གི་དོན་ལུ་ ཆ་མེད་གཏང་དགོཔ་འདུག་ག་ཟེར་ བློན་ཆེན་གྱིས་ དྲི་བ་ཞུ་ཡི།
ཤེས་རིག་ལྷན་ཁག་གི་ འཆར་གཞི་འགོ་དཔོན་ ཕུར་པ་གིས་ ལོ་བསྟར་ལས་དོན་གན་ཡིག་གུ་ གསལ་བཤད་འབདཝ་ད་ སློབ་རིམ་༡༠ པའི་སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ནང་ གྲོགས་རམ་ཐོག་ལས་ དཔེ་ཆ་ལྷབ་པར་ འཕྲོ་མཐུད་གཏང་ནི་དེ་ ཉེན་ཚབས་ཆེ་བའི་ གནད་དོན་ཅིག་ཨིན་ཟེར་ ཞུ་ཡི།
དེ་ལུ་ བློན་ཆེན་དང་འཁྲིལཝ་ད་ གཞུང་གིས་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་གནང་ནི་དང་ ལྷན་ཁག་དང་ སློབ་གྲྭ་ཚུ་གིས་ སྒེར་སྡེའི་ སྤུས་ཚད་ཡར་རྒྱས་གཏང་ནིའི་དོན་ལུ་ ཐབས་ལམ་བསྒྲིག་དགོཔ་སྦེ་ སླབ་ཅི།
ལྷན་ཁག་གིས་ གཞུང་ལུ་ ཞུ་བ་འབད་མི་དེ་ ལྷན་ཁག་གི་དོན་ལུ་ སྒྲིང་ཁྱིམ་གསརཔ་བཟོ་སྐྲུན་འབད་ནི་ཨིནམ་ད་ དེ་ཡང་ བློན་ཆེན་གྱིས་ གཞུང་གིས་ གནང་བ་གྲོལ་ཡོད་རུང་ བཟོ་སྐྲུན་དེ་ ད་རེས་ཀྱི་ ས་ཁོངས་ནང་མེན་པར་ གཞན་ཅིག་ནང་ འབད་དགོཔ་འོང་ཟེར་ ཨིན་པས།
དེ་བཟུམ་སྦེ་ ལྷན་ཁག་གིས་ སློབ་གྲྭ་ནང་ ནང་སྡོད་སློབ་ཕྲུག་ཚུ་གི་ ལྟོ་ཕོགས་འཐུས་ ཡར་སེང་འབད་དགོ་པའི་ཞུ་བ་དེ་ཡང་ ལྷན་ཁག་གིས་ ལྟ་རྟོག་འབད་ཞིནམ་ལས་ གྲོས་འཆར་བཙུགས་དགོཔ་འོང་ཟེར་ ཨིན་པས།
འཆར་གཞི་འགོ་དཔོན་ ཕུར་པ་གིས་ ལོ་བསྟར་ལས་དོན་གན་ཡིག་གི་ དམིགས་གཏད་དང་ གྲུབ་འབྲས་བརྡ་མཚོན་ཚུ་ནང་ རྩིས་ལོ་༢༠༡༩ དང་༢༠༢༠ ནང་ ཨ་ལོ་གཅེས་སྐྱོང་དང་ཡར་རྒྱས་ལྟེ་བའི་ནང་ འཛུལ་ཞུགས་འབད་མི་ཡར་སེང་དང་ ཆོས་ཚན་ཚུ་ནང་ བུམོ་ཚུ་གིས་ འབྲུག་ཆོས་རྒྱུགས་བཀོད་ཚོགས་ནང་ སྐུགས་ཚད་བརྒྱ་ཆ་༦༠ ཡན་ཆད་འཐོབ་དགོ་པའི་ དམིགས་གཏད་ཡོདཔ་སྦེ་ཞུ་ཡི།
ཨིན་རུང་ བློན་ཆེན་གྱིས་ སླབ་མིའི་ནང་ ག་ཅི་སྦེ་ བུམོ་ཚུ་གིས་ འབྲུག་ཆོས་རྒྱུགས་བཀོད་ཚོགས་ནང་ སྐུགས་ཉུང་སུ་ཐོབ་ཡོདཔ་ཨིན་ན་དང་ ག་ཅི་སྦེ་ བུམོ་ཚུ་གིས་ སྐུགས་ཚད་བརྒྱ་ཆ་༦༠ ལས་ལྷག་སྟེ་ འཐོབ་དགོཔ་ཨིན་ན་ དེ་ལས་ ལྷན་ཁག་གིས་ དམིགས་གཏད་བཞག་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན་ཟེར་ ཨིན་པས།
ལྷན་ཁག་གི་དམིགས་གཏད་གཅིག་ སློབ་གྲྭ་ཚུ་ནང་ ནང་སྡོད་སློབ་ཕྲུག་༢༦༠༠ ལས་༡༥༠༠ གུ་ མར་ཕབ་འབད་ནི་དང་ སློབ་གྲྭ་ཆུང་བའི་ནང་ སློབ་ཁང་གི་ ཤོང་ཚད་དང་བསྟུན་ སློབ་ཕྲུག་ལེན་ནི་དེ་ བརྒྱ་ཆ་༨༥ དང་ འབྲིང་རིམ་སློབ་གྲྭ་ཚུ་ནང་འབད་བ་ཅིན་ བརྒྱ་ཆ་༥༥ བཟོ་ནི་ཨིན་པས།
ལྷན་ཁག་གི་ དམིགས་གཏད་གཅིགཔོ་དེ་ ཨ་ལོ་ཚུ་ རང་སྲོག་གཅད་ནི་ལས་ མར་ཕབ་རྐྱབ་ནི་དེ་ཨིནམ་ད་ བློན་ཆེན་དང་འཁྲིལ་བ་ཅིན་ སློབ་གྲྭའི་བསླབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ཐོག་ལས་ རང་སྲོག་གཅད་ནི་འབད་མི་ཨ་ལོ་ཚུ་ ངོས་འཛིན་འབད་ཐོག་ལས་ བཀག་འཛིན་འབད་ནི་མ་གཏོགས་ ཨ་ལོ་ཚུ་གིས་ བསླབ་སྟོན་པ་འབད་སར་ འགྱོ་ནི་མེན་ཟེར་ཨིན་པས།
དམིགས་གཏད་གཅིགཔོ་དེ་ ན་གཞོན་ཚུ་གིས་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལས་ རྒྱབ་འགལ་འབད་མི་ སྤྱི་ལོ་༢༠༡༨ ལུ་༤༨༧ ཐོན་མི་དེ་ སྤྱི་ལོ་༢༠༡༩ དང་༢༠༢༠ ལུ་༣༩༠ གུ་ མར་ཕབ་འབད་ནི་དང་ གཞི་རྟེན་ཤེས་ཡོན་ལྷབ་མི་ཚུ་གིས་ གཞི་རྟེན་ཚུ་ ལྷབ་སྦྱང་འབད་ཐོག་ལས་ གཞི་རིམ་གོང་མའི་ཤེས་ཡོན་ལྷབ་ནི་ཚུ་ ལོ་བསྟར་ལཱ་ཤུལ་གན་ཡིག་གི་ དམིགས་གཏད་ཨིན་པས།
འཐུང་ཆུ་དང་ གསང་སྤྱོད་ དེ་ལས་ གཟུགས་ཁམས་འཕྲོད་བསྟེན་འཛིན་སྐྱོང་ ལེགས་ཤོམ་བཞག་ནི་ཚུ་ཡང་ གྲུབ་འབྲས་ཀྱི་དམིགས་གཏད་ཨིནམ་ལས་ ལྷན་ཁག་གིས་ དམིགས་བསལ་གཙོ་ཅན་ལས་རིམ་དང་འཁྲིལ་ འཐུང་ཆུའི་ལཱ་འབད་དགོཔ་ད་ ལྷན་ཁག་ལུ་ འཆར་དངུལ་སོ་སོར་སྦེ་ མི་འཐོབ་འོང་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན།
གྲུབ་འབྲས་ཀྱི་བརྡ་མཚོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སློབ་དཔོན་མ་ལང་པའི་ དཀའ་ངལ་བསལ་ནི་དེ་ཨིནམ་ད་ དེ་ཡང་ རྫོང་ཁ་སློབ་དཔོན་༥༧༡ ལས་༤༠༠ གུ་ མར་ཕབ་འབད་ནི་དང་ ཚན་རིག་གི་སློབ་དཔོན་༡༥༠ ལས་༨༠ ལུ་མར་ཕབ་རྐྱབ་ནི་ དེ་ལས་ སྤྱིར་བཏང་སློབ་དཔོན་༡༡༡ ལས་༦༦ གུ་ མར་ཕབ་འབད་ནི་ཨིན་པས།
བློན་ཆེན་གྱིས་ སླབ་མིའི་ནང་ ཤེས་རིག་བློན་པོ་གིས་ དམིགས་གཏད་མང་ཤོས་ར་ སློབ་དཔོན་ཚུ་གི་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ ལྕོགས་གྲུབ་གོང་འཕེལ་གཏང་ནི་དེ་ཨིནམ་ལས་ སྲིད་བྱུས་གུ་ བརྩོན་ཤུགས་བསྐྱེད་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ལོ་བསྟར་ལཱ་ཤུལ་གན་ཡིག་གུ་ ལྷན་ཁག་དང་ ལས་སྡེ་ཚུ་དང་འཁྲིལ་ མཚན་རྟགས་མ་བཀོད་པའི་ཧེ་མར་ ལས་དོན་སྣ་ཚོགས་གུ་ གསུང་གྲོས་གནང་ཞིནམ་ལས་ བསྒྱུར་བཅོས་འབད་ནི་དང་ འཕྲི་སྣོན་མཛད་དགོཔ་ཡོད་པ་ཅིན་ གསུང་གྲོས་སྦུག་ལུ་བཙུགས་ཞིནམ་ལས་ ལོག་བསྐྱར་ཞིབ་འབད་ནིའི་ གོ་སྐབས་སྤྲོད་དོ་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སླབ་ཨིན་པས།
གལ་སྲིད་ གན་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ བསྐྱར་ཞིབ་འབད་དེ་ ལོག་ལཱ་འབད་ནིའི་ གོ་སྐབས་མེད་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
འདས་པའི་ཉམས་མྱོང་དང་འཁྲིལ་བ་ཅིན་ ལོ་བསྟར་ལཱ་ཤུལ་གན་ཡིག་གུ་ མཚན་རྟགས་བཀོདཔ་མ་གཏོགས་ འབྲས་བུ་འབྱུང་ནི་ལུ་ བར་ན་ས་སྟོང་ལེ་ཤ་ཐོན་ཡོད་མི་ལུ་བརྟེན་ དེ་གི་སྐྱོན་ཚུ་ མི་འཐོན་ནིའི་ ལཱ་འབདཝ་ཨིན་ཟེར་ བློན་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *