ཕུན་ཚོགས་གླིང་ན་གཞོན་ལྟེ་བའི་ནང་ ན་གཞོན་༢༩ གིས་ ཉིན་གྲངས་༥ གི་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་པའི་བསྒང་།

ཤེས་ཡོན་དང་ ལཱ་གཡོག་ སྦྱོང་བརྡར་མེད་མི་ ན་གཞོན་ཚུ་གི་ རིག་རྩལ་བཟོ་ནིའི་ཐབས་ལམ།

༉ གཞལམ་སྒང་ལས་ སྐྱེས་ལོ་༡༦ ལང་མི་ བསོད་ནམས་ཀྱིས་ སྤྱི་ལོ་༢༠༡༧ ལུ་ ཕུན་ཚོགས་གླིང་གི་ སློབ་གྲྭ་ཅིག་ནང་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ དངུལ་འབྲེལ་གྱི་ དཀའ་ངལ་ལུ་བརྟེན་ ཤེས་ཡོན་འཕྲོ་མཐུད་སྦྱང་མ་ཚུགས་པས།
ད་རེས་ནངས་པར་ བསོད་ནམས་དེ་ ཕུན་ཚོགས་གླིང་ཅའི་ནིསི་ལ་ཡེན་ལུ་ མོ་རའི་ཨ་ཞེམོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ མོ་གིས་ གློག་རིག་སྦྱོང་བརྡར་རྐྱབ་ཞིནམ་ལས་ ཕུན་ཚོགས་གླིང་ན་གཞོན་ལྟེ་བའི་ནང་ ཁས་བླངས་པ་སྦེ་ ལཱ་འབད་དོ་ཡོདཔ་ཨིན་པས།
མ་གཞི་ བསོད་ནམས་ཀྱི་ རེ་བ་དེ་ སློབ་རིམ་༡༢ པ་མཐར་འཁྱོལ་ནི་དེ་ཨིན་རུང་ གལ་སྲིད་ ལཱ་ཐོབ་པ་ཅིན་ བཀོག་བཞག་ནི་ཟེར་ སླབ་ཨིན་པས།
ལཱ་གཡོག་འཐོབ་ནི་དེ་ ལཱ་ཁག་ཡོད་རུང་ རིག་རྩལ་གོང་འཕེལ་གྱི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཡོད་མི་ལུ་བརྟེན་ སློབ་གྲྭ་བཤོལ་བཞག་མི་དང་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་བཟུམ་ཅིག་ཨིན་པས།
བསོད་ནམས་དེ་ སྤྱི་ཟླ་༦ པའི་ཚེས་༤ ལས་འགོ་བཙུགས་མི་ ཉིན་གྲངས་༥ གི་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་༢༩ ཡོད་མིའི་གྲས་ལས་༡ ཨིན་པས།
ཤེས་ཡོན་སྦྱང་མི་དང་ ལཱ་གཡོག་ཡོད་མི་ དེ་ལས་ སྦྱོང་བརྡར་གྱི་དོན་ལུ་མེན་ཟེར་བའི་ སྦྱོང་བརྡར་དེ་ ཁྲོམ་སྡེ་བདག་སྐྱོང་དང་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་ཤེས་ཡོན་མ་དངུལ་གྱིས་ རྒྱབ་སྐྱོར་ཐོག་ལས་ ཕུན་ཚོགས་གླིང་ན་གཞོན་ལྟེ་བ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྦྱོང་བརྡར་གྱི་ དམིགས་ཡུལ་གཙོ་བོ་ སློབ་གྲྭ་བཀོག་བཞག་མི་ སློབ་ཕྲུག་དང་ ན་གཞོན་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་དེ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལས་སྡེ་ཁག་སོ་སོའི་ ལས་གཡོག་ལྷན་ཁག་དང་ ནང་འཁོད་ཚོང་པ་ དེ་ལས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ མི་ཚུ་དང་ཕྱད་དོ་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་ལུ་ མི་ཚེའི་རིག་རྩལ་དང་ འཕྲུལ་རིག་དང་ མཐུན་འབྲེལ་གྱི་རིག་རྩལ་ དེ་ལས་ མི་སྡེའི་ན་གཞོན་དང་འབྲེལ་བའི་ དཀའ་ངལ་ཚུ་གི་སྐོར་ལས་ གོམས་འདྲིས་འབད་དོ་ཡོདཔ་ཨིན་པས།
ཁོང་གིས་ སྦྱོང་བརྡར་སྐབས་ ལཱ་གཡོག་བྱིན་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ གོ་སྐབས་ཡང་ འཐོབ་ནི་ཨིན་པས།
སྦྱོང་བརྡར་གྱི་དོན་ལས་ ཕུན་ཚོགས་གླིང་ན་གཞོན་ལྟེ་བ་གིས་ ཕུན་ཚོགས་གླིང་ཁྲོམ་དང་ ན་གཞོན་ཚུ་ སྡོད་མི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཞིབ་འཚོལ་ཅིག་ འབད་བའི་སྐབས་ ན་གཞོན་༢༥༠ དེ་ཅིག་ ངོས་འཛིན་འབད་ཡོདཔ་ད་ དེ་ཚུ་གི་དོན་ལུ་ཡང་ སྦྱོང་བརྡར་འགོ་འདྲེན་འཐབ་ནི་ཨིན་པས།
དེ་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་གིས་ ཁོང་ལུ་ ཚོང་འབྲེལ་གྱི་གནས་སྐབས་ གསརཔ་ཐོབ་ནི་དང་ ལཱ་གཡོག་གི་དོན་ལུ་ དགོས་མཁོ་ཆེ་བའི་ རིག་རྩལ་གོང་འཕེལ་གྱི་དོན་ལུ་ ཕན་ཐོགས་སྦོམ་བྱུངམ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *