ཤེར་ཟ་ལས་སྡེ་གིས་ དངུལ་ཀྲམ་ས་ཡ་༢༤༧ གྱི་ བགོ་བཤའ་བཙོང་ནིའི་ ལས་རིམ་འགོ་བཙུགས་ཡོདཔ།

༉ སྒེར་སྡེ་ཚོང་ལས་དང་ ཚོང་འབྲེལ་ལས་སྡེ་ཅིག་གིས་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༡༣ སྦེ་ དངུལ་ཀྲམ་ས་ཡ་༡༩ གི་ བགོ་བཤའ་བཙོང་ནི་སྦེ་ མི་མང་གསལ་བསྒྲགས་འབད་ནུག།
ཤེར་ཟ་ལས་སྡེ་གིས་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ མི་མང་ལུ་ བགོ་བཤའ་བཙོང་ནིའི་ལས་རིམ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ བགོ་བཤའ་བཙོང་མི་ལས་ དངུལ་ཀྲམ་ས་ཡ་༢༤༧ འཐོབ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ལོ་༥ དེ་ཅིག་རིང་ བཤོལ་བཞག་པའི་ཤུལ་ལས་ ལས་རིམ་གཞི་བཙུགས་འབད་མི་ ལས་སྡེ་དང་པ་ཨིནམ་ད་ སྤྱི་ལོ་༢༠༡༤ ལུ་ འབྲུག་ཉེན་བཅོལ་བསྐྱར་གསོ་ལས་སྡེ་སྦེ་ བྱ་སྒོ་འཐབ་ཡོདཔ་ཨིན་པས།
ཤེར་ཟ་ལས་སྡེའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༡༣ སྦེ་ བཙོང་མི་དེ་གིས་ མ་རྩ་གཞི་བཙུགས་འབད་མི་ ཆུང་བ་ཚུ་གིས་ཡང་ བགོ་བཤའ་ཉོ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༣༠ གནས་པའི་ བཟའ་སྤྱོད་ཀྱི་ ཚོང་ལམ་ཡོད་པའི་ ཚོད་རྩིས་བཏོན་ཏེ་ཡོདཔ་ད་ ལས་སྡེ་དེ་གི་ ལས་རིམ་གཙོ་ཅན་ ཨོ་སི་ཊོར་སྐྱེ་ལྡན་གནས་སྟངས་ཀྱི་ ཚོང་ལམ་ཞབས་ཏོག་བརྒྱ་ཆ་༡༠ དེ་ཅིག་དང་ ཤུལ་མའི་ལོ་༣ ནང་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་ འགོ་འདྲེན་མ་འཐབ་པར་ཡོདཔ་ལས་ དམིགས་བསལ་དུ་ འཕྲུལ་རིག་ཡར་དྲག་སོང་མི་ལུ་བརྟེན་ ཁེ་ཕན་སྦོམ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གཞི་རྟེན་དགོས་མཁོ་ བཞེས་སྒོ་དང་ བཟའ་སྤྱོད་ཅ་ཆས་གཞན་ཚུ་ ངེས་པར་དུ་ཉོ་དགོཔ་ བྱུང་དོ་ཡོདཔ་ལས་ འོས་འབབ་སྦོམ་ཡོད་ཟེར་ཨིནམ་ད་ བགོ་བཤའ་ཉོ་མི་ཚུ་ལུ་ ལས་སྡེ་གིས་ ཁེ་སང་གིས་མ་དོ་བར་ གོང་ཚད་མར་ཕབ་དང་ ཁྱབ་སྤེལ་ལམ་ལུགས་ དེ་ལས་ དམིགས་བསལ་གྱི་ ཁེ་དབང་བྱིན་ནི་ཨིན་པས།
དེ་མ་ཚད་ བགོ་བཤའ་ཉོ་མི་ཚུ་ལུ་ འགྲན་བསྡུར་ཅན་གྱི་ གོང་ཚད་ཐོག་ལུ་ ཅ་ལ་ཚུ་ ཉོ་ནི་གི་ སེམས་ཤུགས་བསྐྱེད་དེ་ ཁེ་སང་བཟོ་ནི་དང་ ལམ་ལུགས་ལོངས་སྤྱོད་ དེ་ལས་ ལས་སྡེ་ཡུན་བརྟན་སྦེ་ བཞག་ཚུགསཔ་བཟོ་ནི་ཨིན་པས།
ཨིན་རུང་ ལས་སྡེ་གིས་ ཚོང་མགྲོན་ཞབས་ཏོག་ལུ་ གཙོ་རིམ་བཟུང་སྟེ་ སྤྱིར་བཏང་ཚོང་མགྲོན་པ་ཚུ་ལུ་ འགྲན་བསྡུར་ཅན་གྱི་ གོང་ཚད་དང་ ཐོན་སྐྱེད་ལམ་ལུགས་ཐོག་ལས་ བྱིན་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ རྒྱུན་སྐྱོང་མ་རྩ་ དངུལ་ཀྲམ་ས་ཡ་༣༠ མཉམ་སྡེབ་འབད་མི་ལས་ ད་རེས་ དངུལ་ཀྲམ་ས་ཡ་༡༠༩ ལུ་ ཡར་སེང་འབད་ཡོདཔ་ད་ མཉམ་སྡེབ་དང་ ཐོ་བཀོད་འབད་མི་དེ་ དོན་སྨིན་ཅན་དང་ དྭངས་གསལ་འགྱོ་ཐབས་ལུ་ཨིན་པས།
ལས་སྡེའི་དངུལ་འབྲེལ་དང་ བདག་སྐྱོང་བརྡ་དོན་ཚུ་ དུས་མཚམས་སྦེ་ སྙན་ཞུ་འབད་ནི་ཨིནམ་ད་ མི་མང་ལུ་ བགོ་བཤའ་བཙོང་ནིའི་ ལས་རིམ་དེ་ སྤྱི་ཟླ་༩ པའི་ཚེས་༢༧ ལས་ མཇུག་བསྡུ་ཐོག་ལས་ བགོ་བཤའ་ཚུ་ འབྲུག་རྒྱལ་གཞུང་གན་ལེན་བདོག་གཏད་བརྗེ་སོར་ཁང་ལས་ ཉོ་ནི་གི་ གོ་སྐབས་འཐོབ་ནི་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *