གདམ་ངོའི་འཛོམས་འདུ་ནང་འོང་མི་ཚུ།

ཤེར་མུ་ཧཱུྂ་རྒེད་འོག་ལས་ སྒེར་སྡེ་ནང་ལཱ་འབད་མི་ འཆི་མེད་རྡོ་རྗེ་ གདམ་འཐུ་འབད་ཡོདཔ།

༉ ཁ་ཙ་ ཤེར་མུ་ཧཱུྂ་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་༣ ཐོན་མིའི་གྲས་ལས་ སྒེར་སྡེ་ནང་ལཱ་འབད་མི་ འཆི་མེད་རྡོ་རྗེ་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཅི།

སྐྱེས་ལོ་༣༢ ལང་མི་ འཆི་མེད་རྡོ་རྗེ་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་ ཏ་མིལ་ན་ཌུ་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་ནང་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ སྒེར་སྡེ་ཅིག་ནང་ ལཱ་འབད་ཡོདཔ་ཨིན་པས།

ཉིན་གྲངས་༢ ཀྱི་རིང་ གདམ་ངོའི་ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བསྡོམས་༤༨༨ ལས་ འཆི་མེད་རྡོ་རྗེ་གིས་ ཚོགས་རྒྱན་༡༧༢ ཐོབ་སྟེ་ གདམ་ངོ་བཏོན་པའི་སྐབས་ དོ་འགྲན་འབད་མི་ ངག་དབང་རྒྱལ་མཚན་ གྱིས་ ཚོགས་རྒྱན་༡༥༧ དེ་ལས་ ཚེ་དབང་བཀྲིས་ཀྱིས་ ཚོགས་རྒྱན་༡༥༩ ཐོབ་ཅི།

སྐྱེས་ལོ་༢༩ ལང་མི་ ངག་དབང་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༢ ལུ་ ཚོང་འབྲེལ་ནང་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལུ་ ལྟ་བཤལ་ནང་ གྲོས་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ སྐྱེས་ལོ་༣༢ ལང་མི་ ཚེ་དབང་བཀྲིས་ཀྱིས་ སྤ་རོ་སློབ་དཔོན་སློབ་སྦྱོང་ལས་ མཐར་འཁྱོལ་བའི་ཤུལ་ལུ་ ལོ་༩ གི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་ནུག།

ཁོང་༣ ཆ་ར་ ཤི་གླིང་གཡུས་ཚན་ མུ་ཧཱུྂ་སྤྱི་འོག་ལས་ཨིནམ་ད་ ཉིནམ་དང་པའི་ནང་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་མི་༢༠༨ ལས་ ངག་དབང་རྡོ་རྗེ་གིས་ ཚོགས་རྒྱན་༩༩ དང་ ཚེ་དབང་བཀྲིས་ཀྱིས་ ཚོགས་རྒྱན་༦༨ དེ་ལས་ འཆི་མེད་རྡོ་རྗེ་གིས་ ཚོགས་རྒྱན་༣༩ ལས་བརྒལ་མ་ཐོབ་པས།

ཨིན་རུང་ སྤྱི་ཟླ་༢ པའི་ཚེས་༧ ལུ་ ཉིན་གྲངས་༢ པའི་ནང་ རྒེད་འོག་ཡིག་ཚང་ནང་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་ རྒྱན་བཙུགས་མི་༢༨༢ ལས་ འཆི་མེད་རྡོ་རྗེ་གིས་ ཚོགས་རྒྱན་༡༣༣ དང་ ཚེ་དབང་བཀྲིས་ཀྱིས་ ཚོགས་རྒྱན་༩༡ དེ་ལས་ ངག་ དབང་རྡོ་རྗེ་ལུ་ ཚོགས་རྒྱན་༥༨ ལས་བརྒལ་ ཐོབ་མ་ཚུགས།

འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་ མི་སེར་ཚུ་གིས་ གདམ་ངོ་བཏོན་མི་དེ་ ལོ་༢ ཀྱི་རིང་ གཡུས་ཁར་འོང་ ཞིནམ་ལས་ ལོ་༢ ཀྱི་རིང་ སོ་ནམ་པ་སྦེ་ ལཱ་འབད་སྡོད་མི་དང་ ངོ་ཤེས་མི་བརྟེན་ ཨིནམ་འོང་ཟེར་ ཨིན་པས།

དེ་འབདཝ་ལས་ རྒེད་འོག་༡༧ ལས་ གདམ་ངོ་སྦེ་ བཙག་འཐུ་འབད་མི་ཚུ་དང་ དོ་འགྲན་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་ནི་ཨིན་ཟེར་ འཆི་མེད་རྡོ་རྗེ་གིས་ སླབ་ཨིནམ་ད་ ད་རིས་ བཱ་ལམ་རྒེད་འོག་ནང་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ཏེ་ གདམ་ངོ་བཏོན་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *