ཤིང་དུམ་སྐྱེལ་འདྲེན་འབད་མ་ཚུགས་མི་ལུ་བརྟེན་ ཤིང་བཟོ་ཁང་ཚུ་ སྒོ་བསྡམ་དགོཔ་འཐོན་ནི།

༉ གསར་སྤང་ལུ་ཡོད་མི་ ཤིང་བཟོ་ཁང་ཚུ་གིས་ ཆར་ཆུའི་དུས་ཚོད་མ་རནམ་ལས་ ཤིང་ཚུ་ གསོག་འཇོག་འབད་མ་ཚུགས་ནི་དེ་གིས་ མགྱོགས་པ་ར་ སྒོ་བསྡམ་དགོཔ་འཐོན་ནི་ཨིན་པས།

དགེ་ལེགས་ཕུག་ལུ་ ཤིང་བཟོ་ཁང་༨ ལྷགཔ་ཅིག་ཡོདཔ་ད་ དེ་ནང་ ལཱ་འབད་མི་༣༠ དེ་ཅིག་ ཡོདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ ཤིང་དྲ་ཁང་ཚུ་གིས་ རང་སོའི་དགོས་མཁོ་དང་འཁྲིལ་ སྤྱི་ཟླ་༥ པ་ལས་ བུམ་ཐང་ལས་ ཤིང་དུམ་ཚུ་ལེན་ཏེ་ གསོག་འཇོག་འབད་དེ་བཞག་དོ་ཡོདཔ་ད་ དེ་ཡང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཐལ་མི་ལུ་བརྟེན་ཏེ་ཨིན་པས།

དགེ་ལེགས་ཕུག་ ཤིང་བཟོ་ཁང་ཚོགས་པའི་ བཀོད་ཁྱབ་འཐུས་མི་ འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ ཉེན་ཁ་ཆེ་བའི་ས་ཁོངས་ནང་འཛུལ་བའི་སྐབས་ དཱ་ར་ཆུ་དང་ ཏ་མ་ལ་ལུ་ སྣུམ་འཁོར་གྱི་དེད་གཡོགཔ་ཚུ་ སོར་ནིའི་ལམ་ལུགས་ཡོདཔ་ཨིན་རུང་ ལམ་ལུགས་དེ་ ཤིང་བཟོ་ཁང་ཚུ་གི་དོན་ལུ་ འོས་འབབ་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཤིང་དུམ་གྱི་དོས་ཚུ་ དོས་གཞན་ཚུ་དང་ མི་འདྲ་དོ་ཡོདཔ་ད་ ཁོང་གིས་ ཤིང་གི་དོན་ལུ་ ཏི་རུ་སྤྲོད་ཚར་རུང་ འཐོབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

ཤིང་ཚུ་ ལྕི་དྲགས་འབད་མི་དང་ ཊཱག་ལ་ལོ་ཅིག་ རང་སོའི་ཇོ་བདག་གིས་ བཏང་དོ་ཡོདཔ་ལས་ སྣུམ་འཁོར་གཅིག་ལས་གཅིག་ནང་ སྤོ་བཤུད་འབད་ནི་དང་ ཡང་ཅིན་ དེད་གཡོགཔ་སོར་ནི་ཚུ་ འོས་འབབ་མིན་འདུག་ཟེར་ཨིན་པས།

དགེ་ལེགས་ཕུག་ལུ་ ཤིང་བཟོ་ཁང་སྦོམ་ཤོས་ཅིག་ཨིན་མི་ རྒྱལ་མཚན་ཤིང་བཟོ་གྲྭ་ཁང་ནང་ ཟླཝ་རེ་ལུ་ ཤིང་ཀིའུ་བིག་ཕིཊ་༨,༠༠༠ རེ་ དགོ་དོ་ཡོདཔ་ད་ ད་རེས་ ཐོན་སྐྱེད་ཀྱི་ཚད་གཞི་ བརྒྱ་ཆ་༡༠ ལུ་མར་ཕབ་འབད་དེ་ ལཱ་འབད་རུང་ ཤིང་མ་ལང་པའི་ དཀའ་ངལ་ཡོདཔ་ཨིན་པས།

རྒྱལ་མཚན་ཤིང་བཟོ་གྲྭ་ཁང་གི་ ཡོངས་ཁྱབ་འཛིན་སྐྱོང་པ་ འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ འཕྲུལ་ཁང་གི་ འོང་འབབ་དེ་གིས་ ལཱ་འབད་མི་༨ ལུ་ དངུལ་ཕོགས་སྤྲོད་ནི་ཡང་ ལང་མི་ཚུགས་དོ་ཡོདཔ་ད་ གལ་སྲིད་ སྒོ་བསྡམ་དགོཔ་འཐོན་པ་ཅིན་ ལས་མི་ཚུ་གིས་ སྐྱིད་སྡུག་གི་དོན་ལུ་ ཐོ་བཀོད་འབད་ནི་ཨིནམ་ལས་ རྒྱལ་ཡོངས་ལུ་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།

ཨིན་རུང་ བཟོ་གྲྭ་འཕྲུལ་ཁང་གིས་ ལག་ལེན་ཐོག་ལུ་ར་ སྡོད་ནིའི་དོན་ལུ་ རྩ་འགེངས་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ ནད་ཡམས་སྐབས་ བཟོ་སྐྲུན་གྱི་ལཱ་ ལེ་ཤ་ཅིག་ར་ མཚམས་འཇོག་འབད་མི་ལུ་བརྟེན་ ཤིང་གི་མཁོ་འདོད་ཡང་ མར་བབས་སོང་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ལྷོད་མི་ མཁོ་འདོད་ཚུ་ཡང་ བསྒྲུབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།

ཀུན་དགའ་ཤིང་འདྲ་ཁང་གི་ཇོ་བདག་ ཀུན་དགའ་བསྟན་འཛིན་གྱིས་ སླབ་མིའི་ནང་ བུམ་ཐང་ལས་ ཤིང་ཚུ་ ལངམ་སྦེ་ འབག་འོང་མ་ཚུགས་མི་ལུ་བརྟེན་ ཁོ་གི་བཟོ་གྲྭ་ཁང་དེ་ སྒོ་བསྡམས་ཏེ་ བདུན་ཕྲག་༢ དེ་ཅིག་ ལང་ཡི་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཤིང་ཚུ་ སྲུང་རྒྱབ་བཙུགས་ཏེ་ འབག་འོང་ནིའི་ལམ་ལུགས་དེ་ ལེགས་ཤོམ་སྡོད་ཡོདཔ་ཨིན་རུང་ ད་རེས་ སྒྲིག་གཞི་སོར་ཡོདཔ་ལས་ ཤིང་ཚུ་ ག་དེ་སྦེ་ འབག་འོང་ཚུགསཔ་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།

དགེ་ལེགས་ཕུག་ལུ་ འགྲོ་འགྲུལ་བཀག་དམ་འབད་མི་ལས་འགོ་བཙུགས་ སྐྱེལ་འདྲེན་གྱི་གླ་འཐུས་ཚུ་ ཡར་སེང་སོང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ བུམ་ཐང་ལས་ དགེ་ལེགས་ཕུག་ཚུན་ ཤིང་ཊཱག་དོས་ཅིག་ འབག་འོང་བའི་སྐབས་ གླ་འཐུས་དངུལ་ཀྲམ་༢༠,༠༠༠ ལས་ སྤྲོད་མ་དགོཔ་ཨིན་རུང་ ད་རེས་༣༥,༠༠༠ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།

དེ་དང་འཁྲིལ་ ཤིང་གྲ་མི་ཚུ་ གནང་བ་བསྒྲུབ་པའི་ གོང་ཚད་ཐོག་ལུ་ བཙོང་མི་ཚུགས་པས་ཟེར་ཨིན་པས།

དྲ་ཚར་མི་ཤིང་གི་ གོང་ཚད་ཚུ་ཡང་ ཀིའུ་བིག་ཕིཊ་རེ་ལུ་ དངུལ་ཀྲམ་༣༩༢.༥ ཨིན་རུང་ གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཀིའུ་བིག་ཕིཊ་རེ་ལུ་ དངུལ་ཀྲམ་༤༡༨ དང་༤༥༠ དེ་ལས་༤༨༠ རེ་སྦེ་ བཙོངམ་མས་ཟེར་ཨིན་པས།

དགེ་ལེགས་ཕུག་གི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤིང་བཟོ་ཁང་ཚུ་ནང་ ད་ལྟོ་ གསོག་འཇོག་འབད་མི་ཤིང་ཚུ་གིས་ ཟླཝ་༡ དེ་ཅིག་གི་རིང་ ལང་ནི་དང་ དེ་གི་ཤུལ་ལས་ མཚམས་འཇོག་འབད་དགོཔ་ འོང་ཟེར་ཨིན་པས།

ཤིང་བཟོ་གྲྭ་ཁང་གི་ ཇོ་བདག་ཚུ་གིས་ བུམ་ཐང་ལུ་ ཤིང་ཚུ་ཉོ་བཞག་སྟེ་ཡོདཔ་ལས་ སྲུང་རྒྱགཔ་བཙུགས་ཏེ་ ལེན་བཅུག་པ་ཅིན་ གནས་སྟངས་དེ་ ལེགས་བསྒྱུར་འབད་ཚུགས་ནི་མས་ཟེར་ཨིན་པས།

མ་གཞི་ བུམ་ཐང་ལུ་ཡོད་པའི་ རང་བཞིན་སླར་བྱུང་ཐོན་བསྐྱེད་ལས་སྡེ་གིས་ གཞལམ་སྒང་དང་ གསར་སྤང་གི་ བྱུང་རྐྱེན་བཀོད་དཔོན་ཚུ་ལུ་ ཤིང་བཟོ་ཁང་ཚུ་གིས་ རང་སོའི་ཤིང་སྐྱེལ་འདྲེན་འབད་ནི་ལུ་ ཆ་རོགས་འབད་དགོཔ་སྦེ་ ཡི་གུ་བཏང་ཡོདཔ་ཨིན་རུང་ ལན་གསལ་ག་ནི་ཡང་ མ་ཐོབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *