འཐུང་ཆུའི་ཆུ་དུང་ཚུ་ ཐིམ་ཕུག་དང་ ལྕམ་སྒང་བར་ནའི་ འཁོར་ལམ་རྒྱ་སྐྱེད་ཀྱི་ ལཱ་འབད་བའི་སྐབས་ བཏོགས་བཏང་པའི་ དོགས་པ་ཡོད་ཟེར་ མི་ཚུ་གིས་ ཉོགས་བཤད་བཀོད་ནུག།

ལྷོ་ཐིམ་ཕུག་ལུ་ ཐབས་ལམ་གཞན་བཏོན་ཡོད་རུང་ ཆུའི་དཀའ་ངལ་བསལ་མ་ཚུགས་པར་ཡོདཔ།

༉ ཁྲོམ་སྡེ་གིས་ ཆུའི་དཀའ་ངལ་སེལ་ནིའི་ ཐབས་ཤེས་བཏོན་བཞིན་དུ་ཨིན་རུང་ ལྷོ་ཐིམ་ཕུག་ལུ་ སྡོད་མི་ཚུ་ལུ་ འཕྲལ་འཕྲལ་ར་ ཆུའི་གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

ས་གནས་ཁར་ སྡོད་མི་ཚུ་གིས་ ཁྲོམ་སྡེ་ཡིག་ཚང་ལུ་ འཐུང་ཆུའི་ཆུ་དུང་ཚུ་ ཐིམ་ཕུག་དང་ ལྕམ་སྒང་བར་ནའི་ འཁོར་ལམ་རྒྱ་སྐྱེད་ཀྱི་ ལཱ་འབད་བའི་སྐབས་ བཏོགས་བཏང་པའི་ དོགས་པ་ཡོད་ཟེར་ ཉོགས་བཤད་བཀོད་ནུག།

དེ་འབདཝ་ད་ ཁྲོམ་སྡེའི་འགོ་དཔོན་ཅིག་གིས་ གནམ་དགུན་ལུ་ ཆུའི་རྐ་ཚུ་ སྐམ་ཡོདཔ་ལས་ ཆུའི་རྒྱུན་ལམ་གཞན་ཅིག་ལས་ ལག་ལེན་འཐབ་སྟེ་ཡོད་ཟེར་ དོགས་སེལ་འབདཝ་ཨིན་པས།

འགོ་དཔོན་དེ་གིས་ སླབ་མིའི་ནང་ ཆུའི་རྒྱུན་ལམ་གཙོ་བོ་དེ་ ཁག་ལེ་ཤ་ཅིག་ནང་ མེདཔ་བཏང་ཡོད་རུང་ ལམ་རྒྱ་སྐྱེད་ཀྱི་ ལཱ་མཇུག་བསྡུ་བའི་ཤུལ་ལས་ ཉམས་བཅོས་འབད་འོང་ཟེར་ཨིན་པས།

ཆུ་མཛོད་ནང་ལས་ ཆུ་དེ་ ལྕམ་སྒང་ཤིང་དྲ་ཁང་གི་ སྦོ་ལོགས་ཁར་ཡོད་མི་ ཆུ་མཛོད་ནང་ འགྱོ་དོ་ཡོདཔ་ད་ དེ་ནང་ལས་ མི་ལི་མི་ཊར་༣༠༠ འབད་མི་ཆུ་དུང་བདའ་སྟེ་ འཐེན་མི་དེ་ ཆུ་མཐའམ་བདའ་སྟེ་ མི་ལི་མི་ཊར་༢༥༠ འབད་མི་ ཆུ་དུང་ལས་ འཐེན་མི་དང་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།

ཆུ་ལམ་༢ སེམས་རྟོགས་ཁ་ལུ་ཡོད་མི་ ཆུ་མཛོད་ནང་ མཐུད་ཡོདཔ་ད་ དེ་ནང་ལས་ ལྷོ་ཐིམ་ཕུག་ལུ་ ཆུ་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

འགོ་ཐོག་གི་ ཆུ་མཛོད་དེ་ ཆུ་རྐ་༢ དང་ མཐུད་སྦྲེལ་འབད་ཡོད་རུང་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདས་པའི་ལོ་༢ ཀྱི་ ནང་འཁོད་ནང་ ཁཝ་མ་རྐྱབ་ནི་དེ་གིས་ ཆུ་རྐ་ཚུ་ རྩ་བ་ལས་སྐམ་སོ་ནུག་ཟེར་ཨིན་པས།

ཆུ་མཛོད་ཀྱི་ཤོང་ཚད་ ཉིནམ་༡ ནང་ ལི་ཊར་ས་ཡ་ཕྱེད་དང་༧ ཨིན་རུང་ ཆུ་རྐ་༢ ཀྱིས་ ཕྱེད་ཀ་ལས་ལྷག་ གང་མི་ཚུགས་ཟེར་ བཤདཔ་ཨིན་པས།

ལུང་བསྟན་ཕུག་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ཆུ་དུང་དེ་ ལྕམ་སྒང་ལུ་ རོང་ཆུའི་རྩ་བར་མེདཔ་ཐལ་ཡོདཔ་ལས་ རྒྱུན་བརྟན་ག་དེ་སྦེ་ཡོདཔ་ཨིན་ན་ཟེར་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉོགས་བཤད་མང་ཤོས་ར་ དུས་ཅི་ ལྷོད་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༣ པའི་ནང་ ཆརཔ་རྐྱབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཆུ་མཛོད་ནང་ལས་ ཆུ་བཀྲམ་སྤེལ་འབད་ནི་དེ་ ལཱ་ཁག་ཅིག་ཨིན་ཟེར་ཨིན་པས།

ཐིམ་ཕུག་ཁྲོམ་སྡེའི་ བཟོ་རིག་ལས་རོགས་འགོ་དཔོན་ པདྨ་ཐེག་མཆོག་གིས་ སླབ་མིའི་ནང་ ཆུའི་རྒྱུན་ལམ་གཙོ་བོ་ སྤྱི་ཟླ་༡༠ པའི་ནང་ བཏོན་བཀོག་ཡོད་རུང་ མི་ཚུ་གིས་ ཧ་གོ་དགོཔ་འདི་ ཆུ་དེ་ རྐ་ནང་ལས་ར་མེདཔ་ལས་ ཁྲོམ་སྡེའི་ཧོངས་ལས་ དཀའ་ངལ་སེལ་ནིའི་ དཔའ་བཅམ་དོ་ཟེར་ཨིན་པས།

པདྨ་ཐེག་མཆོག་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ གནས་སྐབས་ཀྱི་དོན་ལུ་ རོང་ཆུ་ནང་ལས་ ཆུ་འཐེན་ཞིནམ་ལས་ ཉོགས་བཤད་བཀོད་མི་ཡང་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།

ད་རུང་ ཁྲོམ་སྡེ་གིས་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ཉེ་འདབས་ལུ་ ལྷོ་ཐིམ་ཕུག་གི་དོན་ལུ་ ཆུ་མཛོད་༢ རྐྱབ་དོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།

གཞུང་གིས་ ད་རུང་ ལྕམ་སྒང་ལུ་ ཀི་ལོ་མི་ཊར་ཕྱེད་དང་༤ འབད་མི་ ཆུ་རྐ་གསརཔ་བཏོན་ནིའི་དོན་ལུ་ མ་དངུལ་གྱི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།

ལྕམ་སྒང་མི་རྒོད་སྤང་ལུ་ དངུལ་ཀྲམ་ས་༡༡༥.༣༡༨ འབད་མི་ ཆུ་བསགས་མཛོད་དེ་ སྤྱི་ལོ་༢༠༡༤ ལུ་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *