མེ་རྐྱེན་གྱིས་ ཁྱིམ་༢ དང་ཐབ་ཚང་༡ འཚིགས་ཡོད་པའི་ཤུལ།

ལྷུན་རྩེ་ལུ་ མེ་རྐྱེན་གྱིས་ ཁྱིམ་༢ ཐལ་བར་བརླགས་བཏང་ཡོདཔ།

༉ ཁ་ཙ་དྲོ་པར་ ལྷུན་རྩེ་མཁོ་མང་རྒེད་འོག་ སྤང་མཁར་གཡུས་ཚན་ནང་ མེ་རྐྱེན་ལུ་བརྟེན་ ཐོག་ཚད་༣ དང་༢ འབད་མི་ རང་ལུགས་ཀྱི་ཁྱིམ་༢ དང་ ཐབ་ཚང་༡ རྩ་བ་ལས་ འཚིགས་ཡོདཔ་ལས་ རྒྱུ་དངོས་ཚུ་ ཉེན་སྐྱོབ་འབད་མ་ཚུགས་པས།

ཨིན་རུང་ རྐྱེན་ངན་སྐབས་ ཁྱིམ་གཉིས་ཀྱི་ བཟའ་ཚང་འཐུས་མི་༩ ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ཨིན་པས།

མེ་རྐྱེན་དེ་ དྲོ་པ་ཆུ་ཚོད་༣.༣༠ དེ་ཅིག་ཁར་ ཁྱིམ་ཐོག་ཚད་༣ འབད་མིའི་ཇོ་བདག་ སྐྱེས་ལོ་༣༤ བསོད་ནམས་དབང་འདུས་ཀྱི་ ཐབ་ཚང་ནང་ལས་ བྱུང་པའི་ཤུལ་ལས་ བཟའ་ཚང་འཐུས་མི་༥ ཡོད་མི་ ཁྱིམ་ཚང་གི་ ཁྱིམ་ཐོག་༢ འབད་མི་ལུ་ ཟུན་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ ཐབ་ཚང་དང་ ཁྱིམ་ཚང་གི་ཁྱིམ་ལུ་ མེ་ཤུགས་སྦེ་ འབར་མི་ལས་ བཟའ་ཚང་འཐུས་མི་༤ ཡོད་མི་ བསོད་ནམས་དབང་འདུས་ཀྱི་ ཁྱིམ་ཐོག་ཚད་༣ འབད་མི་ལུ་ ཁྱབ་སྤེལ་སོང་ནུག་ཟེར་ཨིན་པས།

ལྷུན་རྩེ་རྫོང་བདག་དང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གི་ འགོ་འདྲེན་ཐོག་ རྫོང་ཁག་སྡེ་ཚན་ཅིག་ དེ་འཕྲོ་ལས་ ས་ཁོངས་དེ་ནང་ སོང་ཡོད་རུང་ མེ་ཚད་འཛིན་འབད་མ་ཚུགས་ཟེར་ཨིན་པས།

རྐྱེན་ངན་བྱུང་པའི་ ཉིནམ་ནང་ར་ རྫོང་ཁག་བདག་སྐྱོང་གིས་ སྡོད་གནས་མེད་མི་ ཉམས་རྒུདཔ་ཚུ་ལུ་ ཆུ་ཐུབ་རས་ཆ་ ཏིར་པཱལ་ལ་སོགས་པའི་ གནས་སྐབས་ཀྱི་ ཉེན་སྐྱོབ་མཁོ་ཆས་ཚུ་ བྱིན་ཡོདཔ་ཨིན་པས།

ཉམས་རྒུདཔ་ཚུ་ལུ་ ཁྱིམ་ཚང་ཚུ་གིས་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་ནིའི་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

མེ་རྐྱེན་དུ་ བཟའ་ཚང་འཐུས་མི་ཚུ་ རང་སོའི་ཁྱིམ་ནང་ ཉལ་སྡོདཔ་ད་ བྱུང་ཡོདཔ་ད་ དེ་ཡང་ གློག་རྒྱུན་ལས་ བྱུང་བྱུངམ་བཟུམ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *