སྐྱེས་ལོ་༦༥ ལང་མི་ ཨ་ལོ་༦ གི་ཨའི་ སངས་རྒྱས་ཆོས་འཛོམས་ཀྱིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཨམ་སྲུའི་གྱལ་ནང་ གོ་གྱོན་ཏེ་ སྡོད་པའི་བསྒང་།

ལྷུན་རྩེ་རྫོང་ཁག་གིས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་བསྟན་པ་རྡོ་རྗེ་ བཙག་འཐུ་འབད་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དེ་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་བསྟན་པ་རྡོ་རྗེ་ བཙག་འཐུ་འབད་ཡོདཔ་ད་ ཁོ་གིས་ ད་རེས་འབདཝ་ད་ ལན་ཐེངས་༢ འཐུས་མི་སྦེ་ ཕྱག་ཞུ་ནི་ཨིན་པས།

བསྟན་པ་རྡོ་རྗེ་གིས་ ཡོངས་བསྡོམས་ཚོགས་རྒྱན་༢,༥༦༩ ཐོབ་ས་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡,༦༠༤ དང་ འགྲེམ་ཐོག་རྒྱན་ཤོག་ཐོག་ལས་ ཚོགས་རྒྱན་༩༦༥ ཐོབ་ནུག།

སྐྱེས་ལོ་༥༠ ལང་མི་ བསྟན་པ་རྡོ་རྗེ་དེ་ རྒྱ་རེད་རྒེད་འོག་ལས་ཨིནམ་ད་ ཁོ་གིས་ འགྲེམ་ཐོག་རྒྱན་ཤོག་དང་ ཚོགས་རྒྱན་འཕྲུལ་ཆས་༢ ཆ་ར་ལས་ མཐོ་ཤོས་ཐོབ་ནུག།

སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་མི་ འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་དེ་ ད་རུང་ བསྟན་པ་རྡོ་རྗེ་གིས་ ཕམ་བཏང་ཡོདཔ་ད་ ཁོ་གིས་ ཡོངས་བསྡོམས་ཚོགས་རྒྱན་༢,༡༤༩ ཐོབ་ས་ལས་ ཚོགས་རྒྱན་༡,༣༩༩ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་རྒྱན་ཤོག་ཐོག་ལས་ ཚོགས་རྒྱན་༧༥༠ ཐོབ་ཡོདཔ་ད་ ཁོ་ར་ མཁོ་མ་རྒེད་འོག་ལས་ཨིན་པས།

ཁོ་གི་ཤུལ་ལས་ར་ སྐྱེས་ལོ་༣༦ ལང་མི་ འགྱུར་མེད་བསྟན་འཛིན་གྱིས་ ཡོངས་བསྡོམས་ཚོགས་རྒྱན་༡,༣༧༨ ཐོབ་ས་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ༧༠༡ དང་ འགྲེམ་ཐོག་རྒྱན་ཤོག་གི་ཐོག་ལས་ ཚོགས་རྒྱན་༦༧༧ ཐོབ་ཡོདཔ་ད་ ཁོ་ར་ ཀུར་སྟོད་རྒེད་འོག་ལས་ཨིན་པས།

ཀུན་དགའ་དཔལ་འབྱོར་གྱིས་ ཚོགས་རྒྱན་ཡོངས་བསྡོམས་༡,༠༤༣ ཐོབ་ས་ལས་ འགྲེམ་ཐོག་རྒྱན་ཤོག་གི་ཐོག་ལས་ ཚོགས་རྒྱན་༤༢༠ ཐོབ་ཡོདཔ་ད་ ཚོགས་རྒྱན་འཕྲུལ་ཆས་ལས་འབད་བ་ཅིན་ ཚོགས་རྒྱན་༦༢༣ ཐོབ་ཡོདཔ་ད་ ཁོ་ར་ སྒང་ཟུར་རྒེད་འོག་ལས་ཨིན་པས།

འདེམས་ངོ་༥ ཡོད་ས་ལས་ སྨན་སྦིས་རྒེད་འོག་ལས་ བསྟན་འཛིན་འགྱུར་མེད་ཀྱིས་ ཡོངས་བསྡོམས་ཚོགས་རྒྱན་༧༤༦ ཐོབ་ས་ལས་ ཚོགས་རྒྱན་འཕྲུལ་ཆས་ནང་༤༧༩ ཐོབ་ཡོདཔ་ད་ འགྲེམ་ཐོག་རྒྱན་ཤོག་ཐོག་ལས་འབད་བ་ཅིན་ ཚོགས་རྒྱན་༢༦༧ ཐོབ་ཡོདཔ་ད་ ཁོ་ར་ སྐྱེས་ལོ་༢༩ ཨིན་པས།

རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༦,༠༤༠ ཡོད་ས་ལས་ ཚོགས་རྒྱན་ནང་ ཡོངས་བསྡོམས་༧,༨༨༥ གིས་ བཅའ་མར་གཏོགས་ཡོདཔ་ད་ དེའི་གྲས་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༤,༧༨༢ དང་ འགྲེམ་ཐོག་རྒྱན་ཤོག་ཐོག་ལས་ ཚོགས་རྒྱན་༣,༡༠༣ གྱིས་ བཅར་མར་གཏོགས་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *