ལྕང་ཇི་ཇི་གི་བ་ཟམ་གསརཔ་ སྒོ་ཕྱེས་ཡོདཔ།

༉ ཐིམ་ཕུག་ལྕང་ཇི་ཇི་དང་ མགྱོགས་ལམ་མཐུད་སྦྲེལ་འབད་མི་ བ་ཟམ་གསརཔ་དེ་ ཟླཝ་༡༣ གྱི་ཤུལ་ལས་ རྐྱབ་ཚར་ཡོདཔ་ཨིན་པས།

ཌཤི་བཟོ་སྐྲུན་སྡེ་ཚན་གྱིས་ མི་ཊར་༢༩ འབད་མི་ བ་ཟམ་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ཐིམ་ཕུག་ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཁྲོམ་སྡེ་གིས་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ ཟམ་རྙིངམ་དེ་ མི་མང་གི་ ཉེན་སྲུང་གི་དོན་ལུ་ སྒོ་བསྡམས་བཞག་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་འབད་མི་དེ་ སྤྱི་ལོ་༢༠༡༩ འི་སློབ་དུས་ལས་ སྒོ་ཕྱེ་དགོཔ་ཨིན་རུང་ ཞབས་ཏོག་ལྷན་ཁག་གིས་ ཟམ་གྱི་བཟོ་བཀོད་དེ་ སྤྱི་ལོ་༢༠༡༩ རྐྱངམ་གཅིག་ལུ་ བྱིན་ཡོདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།

ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ བྱང་ཆུབ་ཆོས་སྒྲོན་གྱིས་འབད་བ་ཅིན་ ཟམ་རྐྱབ་ནིའི་ལཱ་ ཡུན་འགྱངས་ལུས་མི་དེ་ཡང་ མི་ཊར་༡༣.༨ དེ་ཅིག་ ལྕགས་ཁྲམ་བཙུགས་དགོ་པའི་ཁར་ ཤིང་ཆས་ལ་སོགས་པ་ཚུ་ མ་ཐོབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ནད་ཡམས་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་ཚར་༢ འབད་མི་གིས་ཡང་ ལཱ་འབད་ནི་ ལུ་ ཡུན་འགྱངས་ལུས་ཡོདཔ་མ་ཚད་ མ་དངུལ་མ་ལང་པའི་དཀའ་ངལ་དང་ གནམ་བྱཱར་ལུ་ གཙང་ཆུ་སྦོམ་ཐལ་མི་དེ་གིས་ ལཱ་འབད་ནི་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།

ལྕང་ཇི་ཇི་ལུ་སྡོད་མི་ཅིག་གིས་ སླབ་མིའི་ནང་ ཟམ་གསརཔ་དེ་གིས་ ང་བཅས་ལུ་ འགྲོ་འགྲུལ་འབད་ནི་དང་ ཨ་ལོ་ཚུ་ ལྕང་ཟམ་ཏོག་དང་ བློ་གསལ་གླིང་སློབ་གྲྭ་ནང་འགྱོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པས་ཟེར་ཨིན་པས།

ཟམ་དེ་གིས་ དུས་ཡུན་སྐར་མ་༡༥ དེ་ཅིག་ ཐུང་ཀུ་འགྱོ་དོ་ཡོད་རུང་ ལ་ལོ་ཅིག་གིས་ ཟམ་གྱི་རྫ་ལེབ་ཚུ་ ད་ལྟོ་ལས་ར་ ཐོན་འགྱོ་སྟེ་འདུག་ཟེར་ཨིན་པས།

ཌཤི་བཟོ་སྐྲུན་སྡེ་ཚན་ཁག་འབགཔ་ འཇིགས་མེད་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གནད་དོན་དེ་ སེལ་ཐབས་འབད་འོང་ཟེར་ཨིནམ་ད་ ཟམ་དེ་ མ་དངུལ་ས་ཡ་༩.༤ སྦེ་བྱིན་ཡོད་རུང་ དངུལ་ཀྲམ་ས་ཡ་༡༢.༥ ལུ་ ཡར་སེང་སོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *