ལྕགས་གླང་ཟླ་༡༢ ཤུལ་མའི་ཚེས་༣ ཆད་པའི་༤ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༤ ལུ།
རེས་གཟའ་སྤེན་པ། སྐར་མ་ཁྲུམས་སྟོད། ཉིནམ་ཆུ་ཕག། རྟེན་འབྲེལ་རྣམ་ཤེས། འཕྲོད་སྦྱོར་ས་མེ་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ངནམ་ལས་ ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་གཅིག་མ་གཏོགས།
འབད་མ་བཏུབ། རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ གོ་གནས་གསརཔ་བསྐོས་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཁྱིམ་ཐོག་བཀབ་ནི་ ལམ་འགྲུལ་འབད་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པ་ཤུལ་མའི་ཚེས་༥ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༥ ལུ།
རེས་གཟའ་ཉི་མ། སྐར་མ་ཁྲུམས་སྨད། ཉིནམ་ཤིང་བྱི། རྟེན་འབྲེལ་མིང་གཟུགས། འཕྲོད་སྦྱོར་མེ་ཆུ་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ངནམ་ལས་ ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་གཅིག་མ་གཏོགས།
འབད་མ་བཏུབ། གོ་གནས་གསརཔ་བསྐོས་ནི་དང་ རིག་གནས་ཡིག་རྩིས་ལྷབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཁྱིམ་ཐོག་བཀབ་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ མོ་རྩིས་བཏབ་འབད་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པ་ཤུལ་མའི་ཚེས་༦ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༦ ལུ།
རེས་གཟའ་ཟླ་བ། སྐར་མ་ཁྲུམས་སྨད། ཉིནམ་མེ་གླང། རྟེན་འབྲེལ་སྐྱེ་མཆེད། འཕྲོད་སྦྱོར་ཆུ་གཉིས་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ ལྷ་བསངས་ཁྲུས་གསོལ་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ གོ་གནས་གསརཔ་བསྐོས་ནི་དང་ ལེགས་པའི་བསྟུན་གྲོས་འབད་ནི་ བང་མཛོད་བཙུགས་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ ལེགས་ཤོམ་ཡོད།
འབད་མ་བཏུབ། རབ་གནས་འབད་ནི་དང་ ཁྱིམ་གསར་ནང་འཛུལ་ནི་ ཁྱིམ་ཐོག་བཀབ་ནི་ དར་འཕྱར་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༧ ལྷག་པའི་སྔ་མ་ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༧ ལུ།
རེས་གཟའ་མིག་དམར། སྐར་མ་ཐ་སྐར། ཉིནམ་ས་སྟག། རྟེན་འབྲེལ་རེག་པ། འཕྲོད་སྦྱོར་མེ་རླུང་ཕྲད་པ།
འབད་བཏུབ། ཉིནམ་འདི་གི་དྲོ་པ་ཆུ་ཚོད་༩ ལས་ གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ གོ་གནས་གསརཔ་བསྐོས་ནི་དང་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུག་ནི་ ཁྱིམ་གསར་ནང་འཛུལ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་ སྨན་བཟོ་ནི་དང་བསྟེན་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ ལེགས་ཤོམ་ཡོད།
འབད་མ་བཏུབ། ལྷ་སྲུང་གསོལ་ནི་དང་ གཉེན་རྐྱབ་ནི་ གཉེན་གྱི་དགའ་སྟོན་འབད་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༧ ལྷག་པའི་རྗེས་མ་ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༨ ལུ།
རེས་གཟའ་ལྷག་པ། སྐར་མ་ཐ་སྐར། ཉིནམ་ལྕགས་ཡོས། རྟེན་འབྲེལ་ཚོར་བ། འཕྲོད་སྦྱོར་ཆུ་རླུང་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ངནམ་ལས་ ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་གཅིག་མ་གཏོགས།
འབད་མ་བཏུབ། རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གོ་གནས་གསརཔ་བསྐོས་ནི་དང་ རིག་གནས་ཡིག་རྩིས་ལྷབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གཉེན་རྐྱབ་ནི་དང་ གཉེན་གྱི་ རྟེན་འབྲེལ་བརྩི་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༨ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༩ ལུ།
རེས་གཟའ་ཕུར་བུ། སྐར་མ་བྲ་ཉེ། ཉིནམ་ཆུ་འབྲུག། རྟེན་འབྲེལ་སྲེད་པ། འཕྲོད་སྦྱོར་མེ་རླུང་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ འགུགས་རྐྱབ་ནི་གོ་གནས་གསརཔ་བསྐོས་ནི་དང་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ བཤད་གྲྭ་གསརཔ་འགོ་བཙུགས་ནི་ རབ་བྱུང་འཆད་ཉན་འབད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་ སྨན་བཟོ་ནི་དང་བསྟེན་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ ལེགས་ཤོམ་ཡོད། བླ་གཟའ་ག་ཡོས་ལོ་པ། སྲོག་གཟའ་བྱ་སྤྲེལ་ལོ་པ། གཤེད་གཟའ་སྟག་ཡོས་ལོ་པ། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་དབྱངས་འཆར་གཉིས་ཆ་ར་ལས་ནུབ་ཁ་ཐུག་ལུ་ ཕོགཔ་ཨིན་པས། དུས་ཚོད་དྲོ་པ་ཆུ་ཚོད་ ༡༠ ལས་ ༡༢ ཚུན་བཟང་། བུམ་པ་གང་བའི་ཕྱོགས་བྱང་ལུ་བཟང་།
འབད་མ་བཏུབ། ཁྱིམ་ཐོག་བཀབ་ནི་དང་ མོ་རྩིས་བཏབ་འབད་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༩ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༡༠ ལུ།
རེས་གཟའ་པ་སངས། སྐར་མ་སྨིན་དྲུག། ཉིནམ་ཆུ་འབྲུག། རྟེན་འབྲེལ་ལེན་པ། འཕྲོད་སྦྱོར་ས་མེ་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ངནམ་ལས་ ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་གཅིག་མ་གཏོགས།
འབད་མ་བཏུབ། རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ གོ་གནས་གསརཔ་བསྐོས་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུག་ནི་ སྡོད་གནས་སྤོ་ནི་ མཁར་ལས་འགོ་བཙུགས་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༡༠ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༡༡ ལུ།
རེས་གཟའ་སྤེན་པ། སྐར་མ་སྣར་མ། ཉིནམ་ཤིང་སྦྲུལ། རྟེན་འབྲེལ་སྲིད་པ། འཕྲོད་སྦྱོར་ས་གཉིས་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཁར་ ཡར་ངོའི་དུས་བཟང་ཡང་ཕོགཔ་ལས། རྣམ་དཀར་གྱི་དགེ་བ་ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ཚོགས་འཁོར་བསྐོར་ནི་དང་ རྒྱལ་བའི་གསུང་རབ་ལྷག་ནི་ རྣམ་རྒྱལ་སྟོང་མཆོད་བཏང་ནི་ དཀར་མེ་སྟོང་མཆོད་ཕུལ་ནི་ བཛྲ་གུ་རུ་དང་ མ་ཎི་བགྱང་ནི་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ ཁང་བཟང་རབ་གནས་འབད་ནི་ གོ་གནས་གསརཔ་བསྐོས་ནི་དང་ རབ་བྱུང་ཆོས་འཆད་ཉན་འབད་ནི་ བཤད་གྲྭ་གསརཔ་འགོ་བཙུགས་ནི་དང་ རྟེན་འབྲེལ་བརྩི་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཁྱིམ་གསར་ནང་འཛུལ་ནི་དང་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུག་ནི་ སྡོད་གནས་སྤོ་ནི་ མཁར་ལས་འགོ་བཙུགས་ནི་ གོང་མའི་ཞབས་སར་བཅར་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གཞན་ཡང་ ཀླུ་ཐེབས་ཀྱང་ཡོདཔ་ལས་ ཀླུ་བསངས་གཏང་ནི་དང་ ཀླུའི་བུམ་གཏེར་བཙུགས་ནི་ ཀླུ་ལུ་གསོལ་མཆོད་ཕུལ་ནི་ཚུ་ ལེགས་ཤོམ་ཡོད། བླ་གཟའ་ང་ལོ་པ། སྲོག་གཟའ་ག་ཡོས་ལོ་པ། གཤེད་གཟའ་བྱི་ཕག་ལོ་པ། མཁའ་འགྲོའི་རྒྱུ་ལམ་དུས་འཁོར་ལས་ལྷོ་དང་ དབྱངས་འཆར་ལས་ནུབ་བྱང་ཁ་ཐུག་ལུ་ཐེབས། དུས་ཚོད་དྲོ་པ་ཆུ་ཚོད་ ༨ ལས་ ༡༠ ཚུན་བཟང་། བུམ་པ་གང་བའི་ཕྱོགས་བྱང་ལུ་བཟང་།
འབད་མ་བཏུབ། མ་ཎི་དང་ རླུང་དར་འཕྱར་ནི་ ཁྱིམ་ཐོག་བཀབ་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༡༡ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༡༢ ལུ།
རེས་གཟའ་ཉི་མ། སྐར་མ་མགོ། ཉིནམ་མེ་རྟ། རྟེན་འབྲེལ་སྐྱེ་བ། འཕྲོད་སྦྱོར་མེ་རླུང་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ ལྷ་སྲུང་གསོལ་ནི་དང་ རབ་གནས་འབད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ གོ་གནས་གསརཔ་བསྐོས་ནི་དང་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྨན་བཟོ་ནི་དང་བསྟེན་ནི་ ཁྱིམ་ཐོག་བཀབ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ ལེགས་ཤོམ་ཡོད།
འབད་མ་བཏུབ། གཡང་སྐར་ཡོདཔ་ལས་ ས་ཞིང་ཕྱི་ཁར་བཙོང་ནི་ཚུ་ མི་བཏུབ་པས།
ལྕགས་གླང་ཟླ་༡༢ པའི་ཚེས་༡༢ སྤྱི་ལོ་༢༠༢༢ ཟླ་༢ པའི་ཚེས་༡༣ ལུ།
རེས་གཟའ་ཟླ་བ། སྐར་མ་ལག། ཉིནམ་ས་ལུག། རྟེན་འབྲེལ་རྒ་ཤི། འཕྲོད་སྦྱོར་ཆུ་གཉིས་ཕྲད་པ།
འབད་བཏུབ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟང་རུང་ རྒྱ་རྩིས་ཀྱི་དུས་ཚོད་ངན་པ་དྲང་སྲོང་ཡན་ཀྭོང་ཕོགཔ་ལས་ ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་གཅིག་མ་གཏོགས།
འབད་མ་བཏུབ། གོ་གནས་གསརཔ་བསྐོས་ནི་དང་ རིག་གནས་ཡིག་རྩིས་ལྷབ་ནི་དང་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ ཁྱིམ་ཐོག་བཀབ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་དང་ ས་ཞིང་ཕྱི་ཁར་བཙོང་ནི་ཚུ་ མི་བཏུབ་པས།