ན་ཆུང་བུཚ་ཅིག་གིས་ ཀོ་རོསི་ཧོབ་ཟེར་མི་ ལུས་རྩལ་ནང་ བཅའ་མར་གཏོགས་པའི་བསྒང་།

ལུས་རྩལ་ལས་རིམ་ནང་ སློབ་ཕྲུག་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ འགོ་འདྲེན་འཐབ་མི་ ན་ཆུང་ལུས་རྩལ་ལས་རིམ་ནང་ སྐྱེས་ལོ་༦ ལས་༡༢ ཀྱི་བར་ན་འབད་མི་ སློབ་ཕྲུག་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཅི།
ལས་རིམ་དེ་ བསམ་གྲུབ་ལྗོངས་མཁར་རྩེད་རིགས་ཚོགས་པ་གིས་ རྫོང་ཁག་བདག་སྐྱོང་དང་ འབྲུག་ལུས་རྩལ་ཚོགས་པ་དང་ མཉམ་འབྲེལ་ཐོག་ འགོ་འདྲེན་འཐབ་མི་ འགོ་དང་པ་ཨིན་པས།
སློབ་ཕྲུག་ཚུ་གིས་ བང་རྒྱུག་དང་ མཆོང་ནི་ལ་སོགས་པའི་ ལུས་རྩལ་ལས་རིམ་༢༦ དེ་ཅིག་ནང་ བསམ་གྲུབ་ལྗོངས་མཁར་དང་ བསམ་གྲུབ་ཆོས་གླིང་ ཇོ་མོ་གཙང་ཁ་ དེ་ལས་ བཀྲིས་གཡང་རྩེའི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཅི།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ན་གཞོན་ཚུ་ རྒྱང་མཐོང་དང་ འགྲུལ་འཕྲིན་ལ་སོགས་པ་ཚུ་ལུ་ ཤུགས་ཆེ་དོ་ཡོདཔ་ལས་ དེ་གིས་ ངས་གསོའི་སྐབས་ དོན་སྨིན་ཅན་གྱི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་གཙོ་འཛིན་འོགམ་ པདྨ་ཚེ་རིང་གིས་ སླབ་མིའི་ནང་ ལུས་རྩལ་དེ་ རྩེད་རིགས་ག་ར་གིས་ གཞི་འགྱམ་བཟུམ་ཅིག་འབདཝ་ལས་ ན་ཆུང་ཚུ་གི་ གཟུགས་སྟོབས་དང་ རིག་རྩལ་ཚུ་ གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ ལས་རིམ་འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྐྱེས་ལོ་༦ དང་༡༢ ཀྱི་བར་ན་འབད་མི་ སློབ་ཕྲུག་ཚུ་ ལུས་རྩལ་ལས་རིམ་ག་ཅི་ནང་ཡང་ བཅའ་མར་གཏོགས་ནིའི་ གོ་སྐབས་མི་འཐོབ་དོ་ཡོདཔ་ལས་ དེ་བཟུམ་མའི་ ལུས་རྩལ་ཚུ་ནང་ བཅའ་མར་གཏོགས་བཅུག་སྟེ་ མ་འོངས་པར་ རྒྱལ་ཡོངས་གནས་ཚད་ཀྱི་ ལུས་རྩལ་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཚུགས་པའི་ ལྕོགས་གྲུབ་བཟོ་ཐབས་ལུ་ཡང་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་རིམ་འགོ་འདྲེན་འཐབ་མིའི་ དམིགས་ཡུལ་གཞན་དེ་ ལས་རིམ་ཚུ་ནང་ དོན་སྨིན་ཅན་སྦེ་ བཅའ་མར་གཏོགས་བཅུག་སྟེ་ ན་གཞོན་ཚུ་གི་བར་ན་ ལུས་རྩལ་གོང་འཕེལ་གཏང་ནི་དང་ ཀུན་ཚང་ཤེས་ཡོན་སྤྲོད་ནི་ དེ་ལས་ ཁོང་གི་ གཟུགས་སྟོབས་གོང་འཕེལ་གཏང་ནི་ཚུ་ཨིན་ཟེར་ཨིན་པས།
སློབ་ཕྲུག་ཚུ་ལུ་ ངལ་རངས་ཀྱི་ ལག་ཁྱེར་ཚུ་ བྱིན་ཡོདཔ་ད་ སྐྱེས་ལོ་དང་འཁྲིལ་ སྡེ་ཚན་བཟོ་ཐོག་ལས་ ལུས་རྩལ་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ཚུ་ལུ་ གསེར་དང་དངུལ་ དེ་ལས་ ལིའི་རྟགས་མ་ཚུ་ཡང་ བྱིན་ཡི་ཟེར་ པདྨ་ཚེ་རིང་གིས་ བཤདཔ་ཨིན་པས།
བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་གིས་ སླབ་མིའི་ནང་ ལས་རིམ་དེ་ ཁེ་ཕན་ཡོདཔ་ལས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *