ཕྱི་ཡ་གཡུས་ཚན་གྱི་ མི་སེར་སོ་ནམ་པ་ཚུ་གིས་ ཁྱིམ་གྱི་སྒོ་ཁ་ལས་ བྱཱོ་བཙོང་པའི་བསྒང་།

ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་གིས་ བྱཱོ་བཙོང་ནི་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ།

༉ དུས་ཅི་ བཀྲིས་སྒང་ཨུ་མཛོ་རོང་རྒེད་འོག་ ཕྱི་ཡ་གཡུས་ཚན་གྱི་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་དགོཔ་བྱུང་མི་དེ་ཡང་ བྱཱོ་གི་ཐོན་སྐྱེད་ཚུ་ ཁྱིམ་གྱི་སྒོ་ཁ་ལས་ར་ བཙོང་ཚུགས་ནི་དེ་གིས་ཨིན་པས།

དེ་ཡང་ མོང་སྒར་ལུང་ཕྱོགས་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ ལས་ཁུངས་ཀྱིས་ བྱཱོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༥ སྤྲོད་དེ་ ཉོ་འབག་དོ་ཡོདཔ་ད་ ཨ་རྟག་འབད་བ་ཅིན་ དངུལ་ཀྲམ་༥༠ ལས་བརྒལ་ མི་འཐོབ་དོ་ཡོདཔ་ཨིན་པས།

སོ་ནམ་པ་ལ་ལོ་ཅིག་གིས་ ཕྱེ་བཟོ་སྟེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠ དང་༨༠ རེ་སྦེ་ བཙོང་དོ་ཡོདཔ་ད་ དེ་ཡང་ རང་སོའི་རྒྱབ་ཁར་འབག་སྟེ་ བཀང་ལུང་ཁྲོམ་ཁར་ སྒོ་བཤལ་རྐྱབ་སྟེ་ བཙོང་དོ་ཡོདཔ་ཨིན་པས།

ཨ་ལོ་༣ གྱི་ཨའི་ ཚེ་བརྟན་ལྷ་མོ་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ གོང་ཚད་ལེགས་ཤོམ་བྱིན་ནི་དེ་གིས་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ འོང་འབབ་བཟོ་ཚུགས་ཡི་ཟེར་ཨིནམ་ད་ སེམས་ཁར་བབས་མི་ གོང་ཚད་བྱིནམ་ད་ར་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེདཔ་མས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ལས་ཁུངས་ཀྱིས་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིནམ་ད་ ཧེ་མ་བཟའ་ནི་རྐྱངམ་གཅིག་ འཛུགས་སྐྱོང་འབད་ཡོདཔ་ལས་ ད་ལས་ཕར་ མང་སུ་འཛུགས་སྐྱོང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

བྱཱོ་གི་ལཱ་འབདཝ་ད་ ལས་མི་དེ་ཅིག་ར་ མི་དགོ་དོ་ཡོདཔ་ལས་ སོ་ནམ་གྱི་ལཱ་གཞན་དང་ཕྱདཔ་ད་ བྱཱོ་གི་ལཱ་དེ་ འཇམ་ཤོས་ཨིན་ཟེར་ ཚེ་བརྟན་གྱིས་ བཤདཔ་ཨིན་པས།

ཁྱིམ་གྱི་སྒོ་ཁ་ལས་ བྱཱོ་བཙོང་ནི་དེ་ སོ་ནམ་པ་ལ་ལོ་ཅིག་གི་དོན་ལུ་ འགོ་དང་པ་ཨིནམ་ད་ མང་ཤོས་ར་ སེམས་དགའ་ཡོདཔ་ཨིན་པས།

དུས་ཅི་ ཀེ་ཇི་༥༠ འབད་མི་ ཕད་ཙི་༡,༠༣༥ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༥༦,༠༠༠ དེ་ཅིག་ བཟོ་ཚུགས་ཡི་ཟེར་ སོ་ནམ་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ དུས་ཅི་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་ཡོད་རུང་ བྱཱོ་གི་ཐོན་སྐྱེད་མ་ལེགས་ཟེར་ཨིན་པས།

ཁོ་གིས་ བྱཱོ་གི་ལཱ་འབད་མི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འབད་དོ་ཡོདཔ་ད་ ཕྱེ་བཟོ་ཞིནམ་ལས་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།

གྲོང་གསེབ་ནང་ ག་ཅི་འབད་རུང་ གོང་ཚད་ལེགས་ཤོམ་མ་ཐོབ་པའི་ དཀའ་ངལ་ཨིན་ཟེར་ གཡུས་མི་ཅིག་གིས་ བཤད་པའི་ཁར་ ཚོང་ལམ་མེདཔ་ལས་ ལས་ཁུངས་ཀྱིས་ འཕྲོ་མཐུད་ཉོ་བ་ཅིན་ སོ་ནམ་པ་ཚུ་གི་ དཔལ་འབྱོར་ཡར་དྲག་ འགྱོ་ཚུགས་ནི་མས་ཟེར་ཨིན་པས།

སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེའི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ གྲོང་གསེབ་ནང་ བྱཱོ་བཙོང་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ལས་ཁུངས་ཀྱིས་ ཚོང་ལམ་འཚོལ་སྟེ་ རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ དེ་གིས་ ཐོན་སྐྱེད་ཡར་སེང་འབད་ནི་དང་ འོང་འབབ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ སོན་གྱི་རྒྱབ་སྐྱོར་འབད་མི་དང་བསྟུན་ ཁོང་གིས་ ཚོང་ལམ་གྱི་ རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ སྤུས་ཚད་ཀྱི་ཐད་ལས་འབད་རུང་ ལེགས་ཤོམ་འདུག་ཟེར་ཨིན་པས།

ཕྱི་ཡ་ཚོགས་པ་ པདྨ་དབང་གྲགས་ཀྱིས་འབད་བ་ཅིན་ སོ་ནམ་པ་མང་ཤོས་ར་ བྱཱོ་མངམ་སྦེ་ ཐོན་སྐྱེད་འབད་ནིའི་ སེམས་ཤུགས་ཐོབ་སྟེ་འདུག་ཟེར་ཨིནམ་ད་ ལས་ཁུངས་ཀྱིས་ རྒྱབ་སྐྱོར་འབད་བ་ཅིན་ སོ་ནམ་པ་ཉམ་ཆུང་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

སོ་ནམ་པ་མང་ཤོས་ར་ ཁོང་རའི་ ལཱ་གི་གྲུབ་འབྲས་ལུ་ལྟ་སྟེ་ སེམས་དགའ་ནུག་ཟེར་ཨིནམ་ད་ འོང་འབབ་ཉུང་ཤོས་ར་ དངུལ་ཀྲམ་༡༠,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་ནུག་ཟེར་ཨིན་པས།

སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་གིས་ མོང་སྒར་དགྲ་མེད་རྩེ་ལས་ཡང་ བྱཱོ་བསྡུ་ལེན་འབད་དེ་ མེ་ཊིག་ཊཱོན་༡༠ བཟོ་ཞིནམ་ལས་ ཐིམ་ཕུག་ལུ་ཡོད་མི་ ཚོང་འབྲེལ་བ་ཅིག་གིས་ རྒྱ་པཱན་རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *