ལུང་ནག་ནའི་ ཕོ་སྐྱེས་ལུ་ ནད་རྟགས་མེདཔ་སྦེ་ཐོན་ཡོདཔ།

༉ མགར་ས་རྫོང་ཁག་ ལུང་ནག་ན་ལུ་ སྐྱེས་ལོ་༥༨ ལང་མི་ལུ་ ཨེན་ཊི་ཇེན་ཐོག་ལས་ བརྟག་དཔྱད་འབད་བའི་སྐབས་ལུ་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་ཡོད་རུང་ ཤུལ་ལས་ ལོག་བརྟག་དཔྱད་འབདཝ་ད་ ནད་འབུབ་མེདཔ་ཐོནམ་ལས་ ཟུར་བཞག་ནད་བརྟག་མཐུན་རྐྱེན་ལས་ བཏང་ཡོདཔ་ཨིན་པས།

ཕོ་སྐྱེས་དེ་ ཉིན་གྲངས་༦ གི་རིང་ ཟུར་བཞག་པའི་ཤུལ་ལས་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ ཁོ་རའི་ཁྱིམ་ནང་བཏང་ནུག།

ཕོ་སྐྱེས་དེ་ ཚ་རིམས་དང་འབྲེལ་བའི་ ནད་རྟགས་ཐོན་མི་ལུ་བརྟེན་ སྤྱི་ཟླ་༡༢ པའི་ཚེས་༢༥ ལུ་ ལུང་ནག་ན་གཞི་རྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ སོང་ཡོདཔ་ཨིན་པས།

ཁོ་ལུ་ ཨེན་ཊི་ཇེན་བརྟག་དཔྱད་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ནད་རྟགས་ཐོན་པའི་ཤུལ་ལུ་ ཁོ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༡༠ ལུ་ བརྟག་དཔྱད་འབད་ཡོདཔ་ད་ དེ་ཡང་ བརྒྱུད་འཕྲིན་གྱི་ལས་བྱེདཔ་༤ དང་ བཟའ་ཚང་གི་ འཐུས་མི་༦ ལས་ ག་ལུ་ཡང་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།

མགར་ས་རྫོང་ཁག་བདག་སྐྱོང་འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ བཟའ་ཚང་གི་ འཐུས་མི་ཚུ་ལུ་ སྤུ་ན་ཁ་ལུ་སྦེ་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་འབད་བའི་སྐབས་ལུ་ཡང་ ནད་འབུབ་མེདཔ་ཐོན་ཡི་ཟེར་ཨིན་པས།

ལུང་ནག་ནའི་རྒཔོ་ ཀ་ཀ་གིས་འབད་བ་ཅིན་ འགོ་ཐོག་སྐབས་ ནད་རྟགས་ཐོན་ཡོད་པའི་ གནས་ཚུལ་གོཝ་ད་ ལུང་ནགཔ་ཚུ་ འདྲོག་བྱེལ་འཐབ་ཡོད་རུང་ ཤུལ་ལས་ ནད་འབུབ་ཡོད་མེད་ གཏན་འཁེལ་གྱི་ བརྟག་དཔྱད་ནང་ལས་ ནད་རྟགས་མིན་འདུག་ཟེར་ ལོ་རྒྱུས་གོ་ཞིནམ་ལས་ཚུར་ གནས་སྟངས་ཨ་རྟག་ཧར་ལུགས་ནང་ ལོག་ལྷོད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *