ལས་གཡོག་དྲུང་ཆེན་ བསོད་ནམས་དབང་ཕྱུག་དང་ གཟེངས་བསྟོད་ལག་ཁྱེར་ཐོབ་མི་ སྤེལ་ཁང་གི་ ངོ་ཚབ་ཚུ།

ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་གི་ སྤུས་ཚད་ངོས་འཛིན་འབད་ཡོདཔ།

༉ མི་མང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་གིས་ གནས་ཚད་དང་ལྡན་པའི་ སྤུས་ཚད་བཟོ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ཁ་ཙ་ ལས་གཡོག་ལྷན་ཁག་ ལཱ་འགན་གནས་ཚད་ལས་ཁུངས་ཀྱིས་ བུམ་ཐང་ཆུ་སྨད་བཟོ་རིག་ལག་ཤེས་སྦྱོང་བརྡར་ཁང་དང་ གསར་སྤང་འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་༢ སྤྱི་ལོ་༢༠༡༨ ལོའི་སྤུས་ཚད་ཁྱད་འཕགས་ཀྱི་ གསོལ་རས་བྱིན་ཡི།
ད་རུང་ དབང་འདུས་ཕོ་བྲང་ བསམ་ཐང་བཟོ་རིག་ལག་ཤེས་སྦྱོང་སྤེལ་ཁང་གིས་ རིག་རྩལ་རྒྱབ་སྐྱོར་ཕན་བདེ་ བཟོ་མི་དང་ ཆུ་སྨད་བཟོ་རིག་ལག་ཤེས་སྦྱོང་སྤེལ་ཁང་གིས་ རིམ་མཐུན་སྒོ་ལས་ སྤུས་ཚད་ཀྱི་ ཁྱད་ཆོས་༥ ལག་ལེན་འཐབ་མི་ལུ་བརྟེན་ གཟེངས་བསྟོད་ཀྱི་ ལག་ཁྱེར་ཚུ་བྱིན་ཡི།
རྒྱལ་ཁབ་ནང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་༦ དང་ བཟོ་རིག་བཅུ་སུམ་སྤེལ་ཁང་༢ ཡོད་མིའི་གྲས་ལས་ ད་ལྟོ་ འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་རྐྱངམ་གཅིག་གིས་ སྤུས་ཚད་འཛིན་སྐྱོང་ལམ་ལུགས་ཀྱི་ ངོ་སྦྱོར་འབད་དེ་ཡོདཔ་ཨིན་པས།
ལཱ་འགན་གནས་ཚད་ལས་ཁུངས་ཀྱི་གཙོ་འཛིན་ ཡེ་ཤེས་མཁའ་འགྲོ་གིས་ སླབ་མིའི་ནང་ སྤུས་ཚད་ཁྱད་འཕགས་ཡོད་པའི་ ངོས་འཛིན་འབད་མི་ཡང་ སྦྱོང་བརྡར་སྤེལ་ཁང་གི་བར་ན་ སྤུས་ཚད་ཡར་དྲག་གཏང་ནི་དང་ སྦྱོར་བརྡར་དང་ འཛིན་སྐྱོང་གི་ སྤུས་ཚད་བལྟ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྱད་འཕགས་ཅན་གྱི་ ངོས་འཛིན་ལྟ་རྟོག་དེ་ཡང་ ཚོགས་ཆུང་ཅིག་ བཟོ་ཐོག་ལས་ སྤེལ་ཁང་གི་ གཞི་རྟེན་མཐུན་རྐྱེན་དང་ ལེགས་བཅོས་ སྦྱོང་ཚན་ མི་སྟོབས་ སྦྱོང་བརྡར་བ་ སྤུད་ཚད་འཛིན་སྐྱོང་ལམ་ལུགས་ རང་སོའི་སྤེལ་ཁང་གི་ གནས་རིམ་དང་འཁྲིལ་ཏེ་འབད་ཡི་ཟེར་ཨིན་པས།
སྤྱིར་བཏང་སྤེལ་ཁང་ཚུ་གིས་ མཐུན་རྐྱེན་ཚད་ཅིག་ལས་མེད་མི་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་པའི་ཁར་ མཐའ་འཁོར་ཚུ་ མཛེས་ཆ་དང་ལྡནམ་སྦེ་ བཟོ་ཡོདཔ་མ་ཚད་ ཆུ་གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་བཙུགས་མི་ལུ་བརྟེན་ ཡིད་ཆེས་ངལ་རངས་བྱུང་ནུག།
ལས་གཡོག་དྲུང་ཆེན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ སྦྱོང་བརྡར་སྤེལ་ཁང་ལས་ མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ གྲུབ་འབྲས་དེ་ སྤུས་ཚད་དང་ལྡནམ་སྦེ་ དགོ་ཟེར་ཨིནམ་ད་ ད་རེས་ ཁྱད་འཕགས་ངོས་འཛིན་འབད་མི་དེ་ སྤེལ་ཁང་ནང་འཁོད་ མོ་བཏབ་བཟུམ་ཅིག་ཨིནམ་བཞིན་དུ་ སྤྱིར་བཏང་སྤུས་ཚད་གོང་འཕེལ་གཏང་དགོ་པ་ཅིན་ སྤེལ་ཁང་ནང་ ཐབས་ལམ་ལེ་ཤ་ཡོད་ཟེར་ཨིན་པས།
ཆུ་སྨད་བཟོ་རིག་ལག་ཤེས་སྦྱོང་བརྡར་ཁང་དང་ འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་༢ ཀྱིས་ སྐུགས་འདྲན་འདྲ་ཐོབ་མི་ལུ་བརྟེན་ ཁྱད་འཕགས་དྲག་ཤོས་༢ སྦེ་ ངོས་འཛིན་ཐོག་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠,༠༠༠ རེ་དང་ ལག་ཁྱེར་ཚུ་བྱིན་ཡི།
ལས་གཡོག་ལྷན་ཁག་གིས་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལུ་ སྤུས་ཚད་ཁྱད་འཕགས་ངོས་འཛིན་དེ་ སྤྱི་ལོ་༢༠༡༤ ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *