བསམ་གྲུབ་ལྗོངས་མཁར་རྫོང་བདག་སྐྱོང་གི་གདོང་ཁར་ གསོ་བའི་འགོ་དཔོན་ཚུ་གིས་ ཀོ་བིཌ་-༡༩ འི་ཨེན་ཊི་ཇཱན་བརྟག་དཔྱད་འབད་བའི་བསྒང་།

རྫོང་ཁག་༢ ནང་ མི་༩༠༠ ལྷགཔ་ཅིག་ལུ་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༢༩ དང་༣༠ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ གསོ་བའི་འགོ་དཔོན་ཚུ་གིས་ འགྲོ་འགྲུལ་བཀག་དམ་༢ པ་ཡངས་ཆག་གཏང་ནིའི་ གྲ་སྒྲིག་འབད་ཐབས་ལུ་ ཉེན་ཁ་ཆེ་བའི་ མི་དང་ ས་ཁོངས་ཚུ་ནང་ བརྟག་དཔྱད་མཐིལ་ཕྱིན་འབད་ནུག།

བསམ་གྲུབ་ལྗོངས་མཁར་ལུ་ མི་༦༠༧ དེ་ཅིག་ བརྟག་དཔྱད་འབད་མིའི་གྲས་ལས་ ཁྲོམ་སྡེའི་ནང་ མི་༣༤༦ དེ་ཅིག་དང་ བསམ་གྲུབ་ཆོས་གླིང་ལུ་༥༠ ཇོ་མོ་གཙང་ཁ་ལུ་༣༠ དེ་ལས་ སྒོམ་དར་ལུ་ མི་༡༠༠ དང་ བདེ་བ་ཐང་ལུ་ མི་༨༡ དེ་ཅིག་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

བརྟག་དཔྱད་དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༧ ལས་ ཐིམ་ཕུག་དང་ སྤ་རོ་ལས་ འོང་མི་དང་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་ལས་ མི་༣༠༠ དེ་ཅིག་ ཀོ་བིཌ་-༡༩ འི་ཨེན་ཊི་ཇཱན་བརྟག་དཔྱད་འབད་དགོ་པའི་ གསོ་བ་ལྷན་ཁག་ལས་ བཀོད་རྒྱ་ལྷོད་མི་དང་འཁྲིལ་འབད་ནུག།

གསོ་བའི་འགོ་དཔོན་ཚུ་གིས་ མི་༢༨༡ དེ་ཅིག་ལུ་ ནད་རྟགས་ཡོད་མེད་ཀྱི་ ཨར་ཊི་-པི་སི་ཨར་བརྟག་དཔྱད་དང་ མི་༣༢༦ ལུ་ ཨེན་ཊི་ཇཱན་བརྟག་དཔྱད་འབད་བའི་སྐབས་ལུ་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་ད་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་སྒོ་ར་དང་ མོ་ཏང་ག་བཟོ་གྲྭ་འཕྲུལ་ཁང་ས་ཁོངས་ཚུ་ནང་ ལཱ་འབད་མི་དང་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ཡང་ བརྟག་དཔྱད་འབད་བའི་བསྒང་འདུག།

འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷན་ཁག་གིས་ མི་༣༠༠ དེ་ཅིག་རྐྱངམ་གཅིག་ བརྟག་དཔྱད་འབད་དགོ་པའི་ བཀོད་རྒྱ་གནང་ཡོད་རུང་ ཁོང་གིས་ མི་༦༠༠ ལྷགཔ་ཅིག་ བརྟག་དཔྱད་འབད་ཡོདཔ་ལས་ ཀོ་བིཌ་-༡༩ འི་ཐད་ཁར་ གནས་སྟངས་ལེགས་ཤོམ་ཡོད་མི་ལུ་བརྟེན་ འགྲོ་འགྲུལ་ཡངས་ཆག་དེ་ཡང་ དེ་དང་འཁྲིལ་ འབད་འོང་ཟེར་ཨིན་པས།

པདྨ་དགའ་ཚལ།

པདྨ་དགའ་ཚལ་གྱི་ གསོ་བའི་འགོ་དཔོན་ཚུ་གིས་ པདྨ་དགའ་ཚལ་ལུ་ མི་༡༨༤ དང་ ངང་ལམ་ལུ་ མི་༡༢༤ དེ་ཅིག་ལུ་ ཨེན་ཊི་ཇཱན་བརྟག་དཔྱད་འབད་ཡོདཔ་བཞིན་དུ་ ཁོང་ག་ར་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཐིམ་ཕུག་དང་ སྤ་རོ་ལས་ པདྨ་དགའ་ཚལ་ལུ་འོང་མི་ ལ་ལོ་ཅིག་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་བཞིན་དུ་ འགྲོ་འགྲུལ་ཡངས་ཆག་དེ་ཡང་ བརྟག་དཔྱད་ཀྱི་ སྙན་ཞུ་ཚུ་དང་འཁྲིལ་ འབད་འོང་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ རྒྱལ་ཁབ་ཀྱི་ ས་གནས་དག་པ་ཅིག་ནང་ ནད་ཡམས་དེ་ ཁྱབ་སྤེལ་འགྱོ་བའི་བསྒང་ཡོདཔ་ལས་ འགྲོ་འགྲུལ་ཡངས་ཆག་མ་འབད་བའི་ཧེ་མ་ གསོ་བའི་འགོ་དཔོན་ཚུ་གིས་ མི་ཚུ་ བརྟག་དཔྱད་འབད་མི་དེ་ ལེགས་ཤོམ་ཨིནམ་བཞིན་དུ་ མི་ཚུ་གིས་འབད་རུང་ དྲནམ་བཏོན་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ མི་སྡེའི་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ནད་རྟགས་ཡོད་མེད་ བརྟག་དཔྱད་འབད་བའི་བསྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *