རྩུབ་སྤྱོད་ལུ་ གདོང་ལེན་འབད་དགོ་པ་ཅིན་ ཤེས་རིག་ཡོན་ཏན་ རྒྱ་སྐྱེད་གཏང་དགོཔ།

༉ རྒྱལ་ཁབ་ཀྱི་ ན་གཞོན་མང་ཤོས་ཅིག་གིས་ རྩུབ་སྤྱོད་ཀྱི་ དཀའ་ངལ་མྱོང་ཡོདཔ་ད་ དེ་བཟུམ་གྱི་དཀའ་ངལ་དེ་ མང་ཤོས་ར་ མཐའ་ཟུར་གྱི་ གཡུས་ཚན་ཚུ་དང་ ཤེས་རིག་ཡོན་ཏན་གྱི་ ཁྱབ་ཚད་ལེགས་ཤོམ་མེད་པའི་ ས་གོ་ནང་ཡོད་མི་ཚུ་གིས་ མྱོང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ ན་གཞོན་ཚུ་ལུ་ རྩུབ་སྤྱོད་འབད་བའི་བརྟག་ཞིབ་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ཨ་ལོ་༡༠ ལས་༦ ལུ་ རྩུབ་སྤྱོད་དང་འབྲེལ་བའི་ དཀའ་ངལ་ཚུ་ མྱོང་ནུག་ཟེར་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་དེ་ ན་གཞོན་སྐྱེས་ལོ་༡༨ དང་༢༤ གི་བར་ན་འབད་བ་ཅིན་ མང་ཤོས་ཅིག་ བུཚ་ཚུ་གིས་ མྱོང་ནུག་ཟེར་ཨིནམ་ད་ དེ་ཚུ་ཡང་ ཁྲོམ་ཁར་སྡོད་མི་ བརྒྱ་ཆ་༢༡ དེ་ཅིག་ལས་བརྒལ་ དཀའ་སྡུག་མྱོང་མི་མེད་རུང་ གྲོང་གཡུས་ནང་སྡོད་མི་བརྒྱ་ཆ་༣༠ དེ་ཅིག་གིས་ མྱོང་ཡོདཔ་ཨིན་པས།
རྩུབ་སྤྱོད་ལུ་ དབྱེ་བ་མ་འདྲཝ་ལེ་ཤ་ཡོད་ས་ལས་ ན་གཞོན་ཚུ་གིས་ མྱོང་མི་རྩུབ་སྤྱོད་དེ་ གཟུགས་ཁར་ཐོ་ཕོག་མི་ རྩུབ་སྤྱོད་དང་ དབང་བཙོང་ལུས་འབྲེལ་གྱི་རྩུབ་སྤྱོད་ སེམས་ཁར་སྡུག་བསྔལ་མྱོང་བའི་རྩུབ་སྤྱོད་ ལ་སོགས་པ་ཚུ་ཨིནམ་ད་ དབང་བཙོང་ལུས་འབྲེལ་གྱི་ རྩུབ་སྤྱོད་དེ་ མང་ཤོས་ཅིག་ བུམོ་ཚུ་གིས་ མྱོང་ཡོདཔ་ཨིན་པས།
དེ་ཡང་ ཕོ་སྐྱེས་ཚུ་གིས་ ན་གཞོན་བུམོ་ཚུ་ དབང་བཙོང་གི་ཐོག་ལས་ ལུས་འབྲེལ་འབད་མི་དང་ སེམས་ལྷུ་སྟེ་ལུས་འབྲེལ་འབད་མི་ དེ་ལས་ ཟད་འགྲོ་བཏང་ཐོག་ལས་ ལུས་འབྲེལ་འབད་མི་ཚུ་ཨིནམ་ད་ དེ་བཟུམ་གྱི་ དཀའ་ངལ་དེ་ མང་ཤོས་ཅིག་ ལེགས་ཤོམ་སྦེ་ མནོ་མ་ཤེས་མི་ ན་གཞོན་ཚུ་གིས་ མྱོང་དོ་ཡོདཔ་ཨིན་པས།
གཟུགས་རྩུབ་སྤྱོད་ཀྱི་དཀའ་ངལ་དེ་ ཤེས་རིག་སྤེལ་ཁང་དང་སློབ་གྲྭ་ གྲྭ་ཚང་དང་བཤད་གྲྭ་ དེ་ལས་ ཕམ་ཡ་བྲལ་གྱི་བཟའ་ཚང་ཚུ་ནང་ བྱུང་ཡོད་པའི་ ངོས་འཛིན་འབད་ཡོདཔ་ད་ དེ་ཡང་ ཤེས་རིག་སྤེལ་ཁང་དང་ སློབ་གྲྭ་ཁག་ཚུ་ནང་ དེ་ལས་ གྲྭ་ཚང་དང་བཤད་གྲྭ་ཚུ་ནང་ དང་ཕའི་ལུགས་སྲོལ་བཟུང་ཐོག་ལས་ ཆོས་ཡོན་ཏན་སྟོན་པའི་སྐབས་ སློབ་དཔོན་དང་ སྐུ་དྲུང་ཚུ་གིས་ དྲང་མི་དེ་ཨིན་པས།
དྲང་སྲོལ་ཡོད་མི་དེ་ ན་གཞོན་ཚུ་ སྒྲིགས་ལུ་ གནས་ཐབས་དང་ ཡོན་ཏན་ལེགས་ཤོམ་སྦེ་ ལྷབ་ནིའི་དོན་ལུ་ཨིན་རུང་ ད་རེས་ནངས་པར་ ཨ་ལོའི་ཉེན་སྲུང་དང་སྲུང་སྐྱོབ་ལ་སོགས་པའི་ ཁྲིམས་ལུགས་ལས་འགལ་ནི་དེ་གིས་ རྩུབ་སྤྱོད་ཀྱི་ ནང་གསེས་ནང་ ཚུད་དོ་ཡོདཔ་ཨིན་པས།
ཕྱི་གཟུགས་རྩུབ་སྤྱོད་ཀྱི་ དཀའ་ངལ་དེ་ གཟུགས་ཁར་རྨ་སྐྱོན་བཏོན་མི་ལུ་ ཧ་གོ་དོ་ཡོདཔ་ད་ དེ་ཡང་ ལྡན་ལྕག་བླུག་མི་དང་ རྡོག་ཐལ་རྐྱབ་ནི་ སྐྱ་འཐེན་ནི་ མཛོག་ཕུ་བླུག་ནི་ལ་སོགས་པ་ཚུ་ཨིནམ་ད་ དེ་བཟུམ་གྱི་དཀའ་ངལ་དེ་ འབྲུག་རྐྱངམ་གཅིག་ནང་མེན་པར་ གོང་འཕེལ་འགྱོ་བའི་བསྒང་གི་རྒྱལ་ཁབ་ དཔེ་འབད་བ་ཅིན་ རྒྱ་གར་དང་ རྒྱ་ནག་ ནེ་པཱལ་ བཱང་ལ་དེཤ་ལ་སོགས་པ་ཚུ་ནང་ཡང་ ཡོདཔ་ཨིན་པས།
ཕམ་ཡ་བྲལ་སོང་མི་ བཟའ་ཚང་ནང་ ཕྱི་གཟུགས་རྩུབ་སྤྱོད་ཀྱི་ དཀའ་ངལ་མྱོང་མི་དེ་ ཨ་ཁུ་དང་ ཨམ་ཅུངམ་ཚུ་གིས་ ཁོང་གི་ ཨ་ལོ་ངོ་མ་མེན་མི་ཚུ་ལུ་ བརྡུང་རྫོབ་འབད་དོ་ཡོདཔ་ད་ དེ་བཟུམ་གྱི་དཀའ་ངལ་དེ་ ཨ་ལོ་༡༠ ལས་༤ དེ་ཅིག་གིས་ མྱོང་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱིར་བཏང་ རྩུབ་སྤྱོད་ཀྱི་རྒྱུ་རྐྱེན་ངོ་མ་ར་ ཆང་ལག་ལེན་འཐབ་མི་དང་ འཚོ་བའི་གནས་ཚད་ལེགས་ཤོམ་མེདཔ་ལས་ སྔར་སྲོལ་ལམ་ལུགས་ ཕམ་ཡ་བྲལ་སོང་མི་ བཟའ་ཚང་གི་ཚད་གཞི་སྦོམ་མི་ དབང་པོ་སྐྱོན་ཅན་གྱི་དཀའ་ངལ་ཡོད་མི་ ཁྲིམས་ལུགས་ཧ་མ་གོ་མི་ དེ་ལས་ ཤེས་རིག་ཡོན་ཏན་གྱི་ ཁྱབ་ཚད་ལེགས་ཤོམ་མེད་མི་ཚུ་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *