རྩི་སའི་བཙོག་དུང་གིས་ བུཚ་ཅིག་བསད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༧ གྱི་དྲོ་པར་ ཆུ་ཚོད་༡༡ དེ་ཅིག་ཁར་ ཐིམ་ཕུག་ཧེ་འཇོ་ལུ་ བཙོག་ཆུའི་དོན་ལུ་ བཙུགས་ནི་ཨིན་མི་ རྩི་སའི་བཙོག་དུང་ཅིག་ བསྒྲིལ་འོངམ་ད་ སྐྱེས་ལོ་༦ ལང་མི་དང་ སྐྱེས་ལོ་༤ ལང་མི་བུཚ་གཉིས་ བསྣད་དཔ་ལས་ སྐྱེས་ལོ་༦ ལང་མི་བུཚ་དེ་ ཁ་འཐུམ་མར་ བསད་ཡོདཔ་ད་ རྐྱེན་ངན་དེ་ཡང་ བུཚ་དེ་གཉིས་ ཉེ་འདབས་ཀྱི་ ཚོང་ཁང་ཅིག་ནང་ འགྱོ་བའི་སྐབས་ བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༤ ལང་མི་བུཚ་དེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ རྩི་སའི་བཙོག་དུང་བསྒྲིལ་འོངམ་ད་ ཨ་ལོ་༢ འོག་ལུ་ ཚུད་སོ་ཡི་ཟེར་ཨིན་པས།
རྩི་སའི་བཙོག་དུང་ཚུ་ཡང་ ད་ལྟོ་ ལམ་བདའ་སྟེ་ བཙོག་གཡུར་བཟོ་སྐྲུན་འབད་བའི་བསྒང་ཡོད་མིའི་དོན་ལུ་ བརྩེགས་བཞག་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་དང་ ཨ་ལོ་ཚུ་ལུ་ གནོད་ཉེན་སྦོམ་འདུག་ཟེར་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པས།
རྐྱེན་ངན་བྱུང་པའི་ཤུལ་ལས་ ཁག་འབགཔ་དེ་གིས་ རྩི་སའི་བཙོག་དུང་ཚུ་ ས་ཁོངས་སོ་སོར་ནང་ སྤོ་སོར་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *