གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་ ལོག་རྩིས་སྤྲོད་འབད་མི་ཚུ།

རྩི་རང་ལུ་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་༩༥ དེ་ཅིག་ ལོག་སྤྲོད་ཡོདཔ།

༉ འདས་པའི་ཟླཝ་ནང་ རྩི་རང་གི་ མར་ཁུ་བཀྲམ་སྤེལ་ཁང་གི་ དོ་ཁང་ནང་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ གསརཔ་ཉོ་མི་དང་ མེ་རླུང་བླུགས་མི་ཚུ་བརྩིས་ཏེ་ རྒྱ་རྫི་༡༣༥ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༨ ཟླཝ་༢ པའི་ནང་ ལས་རིམ་དེ་ འགོ་བཙུགས་ཞིནམ་ལས་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་༩༥ དེ་ཅིག་ ལོག་སྤྲོད་ཡོདཔ་བཞིན་དུ་ རྒྱ་རྫི་༤༠ དེ་ཅིག་ གསརཔ་ཉོ་མི་དེ་ ཟླཝ་༢ ཀྱི་ནང་འཁོད་ལུ་ ཡར་སེང་སྦོམ་ཤོས་ཅིག་ཨིན་པས།

དཔལ་འབྱོར་གོང་འཕེལ་འགོ་དཔོན་ སླ་རྔ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ མི་སེར་གྱི་མཐའ་དོན་ལུ་ འགོ་བཙུགས་མི་ ལས་རིམ་དེ་ལུ་ རྒྱབ་སྐྱོར་འབད་ཐབས་ལུ་ ཞི་གཡོགཔ་༡༠༠ ལྷགཔ་ཅིག་གིས་ མེ་རླུང་རྒྱ་རྫི་ལོག་སྤྲོད་ནི་དང་ ཡང་ཅིན་ གོང་ཚད་ཕབ་ཆག་མེད་པའི་རྒྱ་རྫི་དེ་ ལག་ལེན་འཐབ་ནི་ལུ་ ངོས་ལེན་འདུག་ཟེར་ཨིན་པས།

འདས་པའི་ཟླཝ་ནང་ རྫོང་ཁག་ཚོགས་འདུ་སྐབས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཤོག་འཛིན་ཊོ་ཀཱན་དང་ རྒྱ་རྫི་ཚུ་ལངམ་སྦེ་མེད་པའི་ ཚ་གྱང་ཡོད་ཚུགས་ཚུ་ བཤད་ཡོདཔ་ཨིན་པས།

བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟླ་རིམ་བཞིན་དུ་ རྫོང་ཁག་ནང་ མེ་རླུང་རྒྱ་རྫི་༩༡༨ དེ་ཅིག་ འཐོབ་ནི་ཡོད་ཟེར་ཨིནམ་ད་ རྒྱ་རྫི་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ སང་ཕོད་ལས་ ཁྲོམ་སྡེ་༤ ནང་རྐྱངམ་གཅིག་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ ལག་ལེན་འཐབ་ནི་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་དེ་ གདམ་ཁ་ཨིནམ་བཞིན་དུ་ གློག་མེ་དང་ ཉི་དྲོད་འོད་ཐབ་ དེ་ལས་ སྐྱེ་ལྡན་མེ་རླུང་བ་ཡོ་གེསི་ལ་སོགས་པ་ཚུ་ཡང་ ཡོད་ཟེར་ཨིན་པས།

དེ་ཁར་སྡོད་མི་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཞི་གཡོགཔ་ག་ར་གིས་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་ལག་ལེན་འཐབ་མི་ཚུགསཔ་འོང་ཟེར་ཨིནམ་ད་ གྲོང་གསེབ་ཚུ་ནང་སྡོད་མི་ ལ་ལོ་ཅིག་ ཁྲོམ་སྡེ་ནང་ སྡོད་མི་ཚུ་ལས་ ཕྱུགཔོ་སྦེ་ཡོདཔ་ལས་ གྲོང་གསེབ་ཚུ་ནང་གི་ ཁྱིམ་གུང་པ་ག་དེམ་ཅིག་ལུ་ རྒྱ་རྫི་དགོཔ་ཡོདཔ་ཨིན་ན་ ཁ་གསལ་ཡོད་པ་ཅིན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ལུང་ཕྱོགས་ཚོང་དང་བཟོ་གྲྭའི་ ལུང་ཕྱོགས་མདོ་ཆེན་ ཀརྨ་འབྲུག་པ་གིས་ སླབ་མིའི་ནང་ ཁྱིམ་གུང་པ་༡ ནང་ རྒྱ་རྫི་༣ ཡོད་པ་ཅིན་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་རེ་ སོར་དགོ་ཟེར་ཨིནམ་ད་ ད་ལྟོ་ འཛིན་སྐྱོང་དང་ བཀྲམ་སྤེལ་འབད་ནི་ལུ་ གདོང་ལེན་ཡོདཔ་ལས་ ལཱ་ཚུ་འབད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཉོགས་བཤད་ཚུ་ཡང་ ལྷོད་དོ་ཡོདཔ་ལས་ སྤུས་ཚད་ལ་སོགས་པ་ཚུ་ལུ་ ལྟ་རྟོག་དམ་དམ་འབད་དོ་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་གིས་ གོང་ཚད་ཕབ་ཆག་ཡོད་པའི་རྒྱ་རྫི་ཚུ་ ངེས་པར་དུ་ ལོག་སྤྲོད་མི་དགོ་ཟེར་ཨིན་རུང་ ཁྱིམ་གུང་པ་རེ་གིས་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་རེ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

ཕུན་བརྟན་ཆུ་དམངས་མི་ ཚེ་རིང་གིས་ སླབ་མིའི་ནང་ རྒྱ་རྫི་མ་ལང་པའི་ དཀའ་ངལ་དེ་ ངེས་བདེན་ཨིནམ་ལས་ མི་ཚུ་གིས་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ལས་ དོ་ཁང་ནང་འོང་སྟེ་ སྒུག་སྡོད་ནི་ཡོད་ཟེར་ཨིན་པས།

རྫོང་ཁག་༢༠ འི་དོན་ལུ་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་མེ་ཊིག་ཊཱན་༡,༠༠༠ དེ་ཅིག་ ཆ་འཇོག་འབད་ཡོདཔ་བཞིན་དུ་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་འགོ་བཙུགས་ཞིནམ་ལས་ གོང་ཆད་ཚད་ཕབ་ཆག་ཡོད་པའི་ རྒྱ་རྫི་མེ་ཊིག་ཊཱན་༣༠༠ དེ་ཅིག་རྐྱངམ་གཅིག་ ཆ་འཇོག་འབད་ཡོདཔ་ཨིན་པས།

ལོ་བཅུ་ཕྲག་༡ དེ་ཅིག་གི་རིང་ རྒྱ་གར་གཞུང་གིས་ ཟླ་རིམ་བཞིན་དུ་ གོང་ཚད་ཕབ་ཆག་ཡོད་པའི་ རྒྱ་རྫི་མེ་ཊིག་ཊཱན་༧༠༠ དེ་ཅིག་ བྱིན་ཡོདཔ་བཞིན་དུ་ ད་རེས་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་ནང་ མེ་རླུང་ལོག་བཙུགསཔ་ད་ དངུལ་ཀྲམ་༦༢༩ དང་ ཕབ་ཆག་ཡོད་མི་ལུ་ དངུལ་ཀྲམ་༥༠༨ གནསཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *