དཀོན་མཆོག་དབང་མོ།

རྩི་རང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ ཨམ་སྲུ་ཅིག་ཐོན་ཡོདཔ།

༉ ད་རེས་ནངས་པར་ སྤྱི་ཚོགས་ཀྱི་ བཙག་འཐུའི་དོན་ལུ་ ཨམ་སྲུའི་འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ མངམ་མེད་མི་ལུ་བརྟེན་ རྩི་རང་ དཀྱིལ་འཁོར་ཐང་རྒེད་འོག་ལས་ སྐྱེས་ལོ་༤༡ ལང་མི་ དཀོན་མཆོག་དབང་མོ་གིས་ རྫོང་ཁག་དེ་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ འཐོན་ནི་ལུ་ གྲོས་ཐག་བཅད་ནུག།
རྫོང་ཁག་ནང་ལས་ ཚོགས་སྡེའི་འདེམས་ངོ་དོན་ལུ་ བཅའ་མར་གཏོགས་མི་ ད་རེས་ ཨམ་སྲུ་མོ་ར་རྐྱངམ་གཅིག་ཨིནམ་བཞིན་དུ་ མོ་གིས་ དང་འདོད་ཅན་གྱི་ འདེམས་ངོ་༡༡ དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
དཀོན་མཆོག་དབང་མོ་ལུ་ ཨཱསི་ཊེ་ལི་ཡ་ ཀུ་ཡིན་ལེནཌི་གཙུག་ལག་སློབ་སྡེ་ལས་ ནགས་ཚལ་སྐྱེ་ལྡན་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་ཡོད་པའི་ཁར་ བསམ་རྩེ་མཐོ་རིམ་སློབ་གྲྭ་ལས་ སློབ་དཔོན་སློབ་སྦྱོང་གི་ལག་ཁྱེར་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚན་རིག་ནང་ གཞི་རིམ་གྱི་ ཤེས་ཡོན་ཡོདཔ་ཨིན་པས།
མོ་གིས་ རྩི་རང་འགྲམ་ཕུག་སློབ་གྲྭ་དང་ གཞལམ་སྒང་ལུ་ སློབ་དཔོན་སྦེ་ ལཱ་འབད་ཡོདཔ་ད་ འགྲམ་ཕུག་ལུ་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་མ་འབད་བའི་ཧེ་མར་ དཀོན་མཆོག་དབང་མོ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ ལེགས་སྦྱར་བ་སྦེ་ སྡོད་ཡོདཔ་ཨིན་པས།
ཨ་ལོ་༣ གྱི་ཨའི་གིས་ སླབ་མིའི་ནང་ མི་དབང་མཆོག་དང་ གཞུང་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་དགོ་པའི་ སེམས་ཤུགས་བསྐྱེད་རུང་ གྲལ་གཏོགས་འབད་མི་བཏུབ་པས་ཟེར་ཨིནམ་ད་ དེ་ཡང་ མི་སྡེ་ནང་ ཕོ་སྐྱེས་ཚུ་གིས་དབང་མི་ ལམ་ལུགས་དེ་ ད་ལྟོའི་བར་ན་ཡང་ ཡོད་ནི་དེ་གིས་ཨིན་མས་ཟེར་ ཨིན་པས།
ལོ་ངོ་༡༨ དེ་ཅིག་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་གི་ མནོ་ཐངས་དེ་ བསྒྱུར་བཅོས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ མོ་གིས་ ཉམས་མྱོང་བརྗེ་སོར་འབད་མི་དེ་གིས་ སྤྲོ་བ་ཡོད་་མི་ ཨམ་སྲུ་གཞན་ཚུ་གིས་ཡང་ བཅའ་མར་གཏོགས་ཚུགས་པའི་ རེ་བསྐྱེད་དོ་ཟེར་ཨིན་པས།
དཀོན་མཆོག་དབང་མོ་གིས་ སླབ་མིའི་ནང་ ད་རེས་ ཕོ་སྐྱེས་༡༡ དང་གཅིག་ཁར་ དོ་འགྲན་འབད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གདམ་འཐུ་འབད་ནིའུ་ གོ་སྐབས་འཐོབ་ནི་ཨིན་པའི་ཁར་ ཨམ་སྲུ་དང་ ཕོ་སྐྱེས་བར་ནའི་ ལྕོགས་གྲུབ་དེ་ཡང་ ཤེས་རྟོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ མོ་གིས་ འདེམས་ངོའི་དོན་ལུ་ ཡིག་ཆ་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ གོམས་འདྲིས་ལྟ་སྐོར་ཡང་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ད་ལྟོ་ མི་སེར་གྱི་དཀའ་ངལ་ཚུ་ ག་དེ་སྦེ་ སེལ་ནི་ཨིན་ནའི་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *