སློབ་ཕྲུག་ཚུ་གིས་ ཤིང་གི་ལྕངམ་བཙུགས་པའི་བསྒང་།

རྩི་རང་གིས་ ལོ་༢ ནང་ ཤིང་༤༠,༠༠༠ འཛུགས་སྐྱོང་འབད་ནི།

༉ ཁ་ཙ་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་༢༨ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་ཞུ་ནི་དང་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་དང་བསྟུན་ རྩི་རང་ནགས་ཚལ་སྡེ་ཚན་གྱིས་ ས་ཆ་ཧེག་ཊར་༥༠ ནང་ ཤིང་ལྕངམ་༤༠,༠༠༠ འཛུགས་སྐྱོང་འབད་ནིའི་ ལས་འགུལ་ཅིག་ གཞི་བཙུགས་འབད་ནུག།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ཤིང་ལྕངམ་ངེས་པར་དུ་བཙུགས་དགོ་པའི་ ལས་འགུལ་དེ་ཡང་ ཁ་ཙ་ རྩི་རང་སེམས་ལྗོངས་རྒེད་འོག་ གདངས་རས་སྒང་མི་སྡེ་ནགས་ཚལ་ནང་ གཞི་བཙུགས་འབད་བའི་སྐབས་ ས་ཆ་ཧེག་ཊར་༢ འབད་མི་ མི་སྡེ་ནགས་ཚལ་དང་ ཙན་དན་དང་ སྟར་ཤིང་ ཊིག་ཤིང་ལ་སོགས་པའི་ ཤིང་ལྕངམ་༣,༢༠༠ བཙུགས་ཡོདཔ་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་དང་ ནགས་ཚལ་ལས་བྱེདཔ་ སློབ་ཕྲུག་དང་ སློབ་དཔོན་ བདེ་སྲུངཔ་ ས་གནས་ཀྱི་མི་སེར་འབདཝ་ད་ མི་གྲངས་༡༥༠ དེ་ཅིག་གིས་ འཛུགས་སྐྱོང་འབད་མི་ ཤིང་ལྕངམ་ཚུ་ མི་དབང་རྒྱལ་བཙུན་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ཨིན་པས།
ལོ་༢ ནང་ ཤིང་ལྕངམ་༤༠,༠༠༠ འཛུགས་སྐྱོང་འབད་ནིའི་དོན་ལུ་ རྩི་རང་ནགས་ཚལ་སྡེ་ཚན་གྱིས་ སྤུ་ན་གཙང་ཆུ་༢ པ་ལས་ དངུལ་ཀྲམ་ས་ཡ་༣.༢ ཐོབ་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *