མི་མང་གསང་སྤྱོད་དེ་ སྤྱི་ཟླ་༧ པའི་ཚེས་༢༤ ལས་ ལག་ལེན་འགོ་བཙུགས་ནུག།

རྩི་རང་གིས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལས་ གསང་སྤྱོད་བཟོ་སྐྲུན་འབད་ཡོདཔ།

༉ དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ་ མི་མང་ཞབས་ཏོག་ འཐོབ་ཚུགསཔ་ བཟོ་ནིའི་དོན་ལུ་ སྤྱི་ཟླ་༧ པའི་ནང་ མི་མང་གསང་སྤྱོད་ཅིག་ རྩི་རང་ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཁང་ཚན་༦ འབད་མི་ གསང་སྤྱོད་དེ་ཡང་ འགྲམ་ཕུག་ཁྲོམ་གྱི་ གླ་འཁོར་བཞག་སའི་ ཉེ་འདབས་ལུ་ ཟླཝ་༣ གྱི་ ནང་འཁོད་ལུ་ རྐྱབ་ཚར་ཡོདཔ་ད་ ཁང་ཚན་༢ དེ་ གཞན་༤ དང་ཕྱདཔ་ད་ སྦོམ་སུ་སྦེ་ དབང་པོ་སྐྱོན་ཅན་ ཕོ་མོ་རེ་ལུ་ ཁང་ཚན་རེ་ བཟོ་ཡོད་མི་དེ་ནང་ ལགཔ་བཤེད་སའི་ མཐུན་རྐྱེན་ཚུ་ཡང་ཡོདཔ་ཨིན་པས།
དེ་མ་ཚད་ མེ་ལོང་དང་ ལགཔ་འཁྱུ་ས་དང་ ལག་གདོང་གི་ མཐུན་རྐྱེན་ཚུ་ཡོད་པའི་ཁར་ གསང་སྤྱོད་དང་གཅིག་ཁར་ སྲུང་རྒྱབ་ཀྱི་ སྡོད་ཁྱིམ་ཡང་ བཟོ་སྟེ་ཡོདཔ་བཞིན་དུ་ གསང་སྤྱོད་དེ་ དོན་སྨིན་ཅན་སྦེ་ ལག་ལེན་དང་ ཅ་ཆས་ཚུ་ བདག་འཛིན་འབད་ནིའི་དོན་ལུ་ འཐུས་སྤྲོད་ལམ་ལུགས་ཅིག་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
རྩི་རང་ཁྲོམ་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ གསང་སྤྱོད་མེདཔ་ལས་ ཁོང་ལུ་ རྒྱབ་སྐྱོར་བཟུམ་ཅིག་སྦེ་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ ས་གནས་གཞན་ཁའི་ གསང་སྤྱོད་ཚུ་ནང་ཡང་ དེ་བཟུམ་མའི་ མཐུན་རྐྱེན་བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསང་སྤྱོད་བདག་འཛིན་འབད་མི་གིས་ ཕྱགས་བདར་ཚུ་ རྐྱབ་ནི་དང་ དེ་གི་དོན་ལུ་ དངུལ་ཕོགས་ཡང་ ཁྲོམ་སྡེའི་ཁ་ཐུག་ལས་ བྱིན་ནི་ཨིནམ་མ་ཚད་ སེམས་ཤུགས་ཀྱི་དོན་ལུ་ གསང་སྤྱོད་ལག་ལེན་གྱི་འཐུས་ བསྡུ་ལེན་འབད་ཆོག་ཟེར་ཨིན་པས།
ས་གནས་ཀྱི་མི་སེར་ པདྨ་ལྷ་མོ་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ དབང་པོ་སྐྱོན་ཅན་ཚུ་ བདག་འཛིན་མི་འབད་དོ་ཡོདཔ་ལས་ མཐུན་རྐྱེན་དེ་གིས་ དབང་པོ་ལུ་ ཐོ་ཕོག་སམིའི་ ཆ་རོགས་དང་ བཟའ་ཚང་ཚུ་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ནི་དང་ མི་ཚུ་ལུ་ སེམས་ཤུགས་ཡང་ བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
ཁྲོམ་སྡེའི་ངོ་ཚབ་ ཀུན་བཟང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ གསང་སྤྱོད་ཀྱི་ མཐུན་རྐྱེན་གསརཔ་དེ་གིས་ དུས་རྒྱུན་དུ་ ཕར་ཚུར་འགྱོ་མི་ཚུ་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ གསང་སྤྱོད་དེ་ དངུལ་ཀྲམ་ས་ཡ་༡.༢ ཟད་འགྲོ་བཏང་ཐོག་ལས་ རྐྱབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *