ཚོགས་རྒྱན་བཙུགས་པར་འོང་མི་ མཎྜལ་སྒང་རྒེད་འོག་གི་ མི་སེར་ཚུ།

རྩི་རང་གི་ རྒེད་འོག་༢ ཀྱི་འདེམས་ངོ་ གདམ་འཐུ་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡ ལུ་ རྩི་རང་རྫོང་ཁག་ མཎྜལ་སྒང་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཀ་མཱལ་གུ་རུང་དེ་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ཅིག་ཨིན་མི་ སྐྱེས་ལོ་༣༣ ལང་མི་ ར་མེཤི་ཆེ་ཏི་རི་ བཱན་དཱ་རི་ལས་ ཚོགས་རྒྱན་༡ གིས་ ཕམ་ཡོདཔ་ཨིན་པས།
དེ་ཡང་ ར་མེཤི་ཆེ་ཏི་རི་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༡༨ ཐོབ་ཡོདཔ་ད་ ཀ་མཱལ་གུ་རུང་གིས་ ཚོགས་རྒྱན་༢༡༧ ཐོབ་ཡོདཔ་ད་ འདམ་ངོ་༣ པ་ ཨུ་ད་ཡ་ ན་ར་ཡཱན་ བཱ་ཏ་རའི་གིས་ ཚོགས་རྒྱན་བསྡོམས་༦༤ ལས་བརྒལ་ མ་ཐོབ་ཨིན་པས།
རྒེད་འོག་དེ་ནང་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢,༣༡༢ ཡོད་ས་ལས་ ༤༩༩ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
རྫོང་ཁག་ནང་ འདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་འདི་གི་ཚེས་༡ ལས་ རྒེད་འོག་༢ ནང་འགོ་བཙུགས་ཡོདཔ་བཞིན་དུ་ མགོ་སེར་གླིང་རྒེད་འོག་ནང་འབད་བ་ཅིན་ དགེ་འདུ་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ སྐྱེས་ལོ་༣༠ ལང་མི་ ཧོམ་ནཱཏི་ཐ་པ་གིས་ དོ་འགྲན་པ་༢ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ ཧོམ་ནཱཏི་ཐ་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༡༥༦ ཐོབ་ཡོད་རུང་ གྲམ་བར་ཀུ་མར་ གི་མི་རེ་དང་ ཨ་ནཱན་ ཁར་ཀི་༢ ཀྱིས་ ཚོགས་རྒྱན་༡༡༩ དང་ ༨༨ རེ་རྐྱངམ་གཅིག་ ཐོབ་ཡོདཔ་ཨིན་པས།
བཙག་འཐུ་དེ་ཡང་ མགོ་སེར་གླིང་རྒེད་འོག་ལྟེ་བ་ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་ནང་ ཚོགས་རྒྱན་བཙུགས་མི་ ༣༦༣ འཛོམས་ཡོདཔ་ད་ རྒེད་འོག་ནང་ ཐོ་བཀོད་འབད་མི་ མི་༡༦༨༨ ཡོདཔ་ཨིན་པས།
མི་ཚུ་གིས་ དྲོ་པའི་ཆུ་ཚོད་༡༠ ལས་ ཉི་མའི་ཆུ་ཚོད་༣ ཚུན་ཚོད་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ གྲུབ་འབྲས་དེ་ཡང་ དེ་འཕྲོས་ལས་ གདམ་ངོ་ཚུ་དང་ སྒུག་སྡོད་པའི་ཚོགས་རྒྱན་བཙུགས་མི་ཚུ་གི་གདོང་ཁར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
མཎྜལ་སྒང་རྒེད་འོག་ནང་ལས་ རྒན་ཤོས་ཅིག་ཨིན་མི་ སྐྱེས་ལོ་༧༦ ལང་མི་ ཆོས་སྐྱིད་བཟངམོ་གིས་ སླབ་མིའི་ནང་ མོ་གིས་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ཡང་ བཙག་འཐུ་དེ་ ཁག་ཆེ་ནི་དེ་གིས་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ འདེམས་ངོ་ལུ་བརྟེན་ ང་བཅས་ཀྱི་ཨ་ལུ་བུཚུ་གི་ མ་འོངས་པ་དེ་ བཟོཝ་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ལུ་ མིག་གིས་མ་མཐོང་བའི་དཀའ་ངལ་ཡོད་རུང་ མོ་གི་གདམ་ཁ་ཅན་གྱི་འདེམས་ངོ་དེ་ ངོས་འཛིན་འབད་ཚུགས་ཅི་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ གཞན་ཚུ་གིས་འབད་བ་ཅིན་ ཁོང་གི་སླབ་མི་ལུ་ ཉེན་ནིའི་དང་འདོད་ཡོད་མི་དང་ འདྲ་མཉམ་སྦེ་བརྩི་མི་ འདེམས་ངོ་ཚུ་ ལྟ་དོ་ཟེར་ཨིན་པས།
མི་ཚུ་གིས་ བཤད་མིའི་ནང་ འདེམས་ངོ་དེ་གིས་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ མི་གི་ཚ་གྱང་ཚུ་ གསལ་ཞུ་འབད་ཚུགས་པ་ཅིན་ ཉམས་མྱོང་དེ་ ཁྱད་མེད་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ འབྲུག་རྗེས་སྒང་ལས་འོང་མི་ སྐྱེས་ལོ་༢༥ ལང་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ འདེམས་ངོ་དེ་ ཁ་སླབ་ཚུགས་མི་དང་ རིག་ཤེས་ཅན་ཅིག་དགོ་ཟེར་ཨིན་པས།
རྫོང་ཁག་ནང་ རྒེད་འོག་༡༡ ཡོད་པའི་གྲལ་ལས་ མཎྜལ་སྒང་དང་ མགོ་སེར་རྒེད་འོག་༢ ནང་ གདམ་ངོ་༣ རེ་འབད་དེ་ མཐོ་ཤོས་ཐོན་ཡོདཔ་ད་ རྩི་རང་སྟོད་དང་ དཀྱིལ་འཁོར་ཐང་ མཚོ་གླིང་མཁར་ དེ་ལས་ བར་གཤོང་རྒེད་འོག་༤ ནང་ལས་ འདམ་ངོ་༢ རེ་ཐོན་ཡོདཔ་ཨིན་པས།
ཕུན་བརྟན་ཆུ་དང་ དུང་ལ་སྒང་ སྤ་ཚར་གླིང་དང་ རང་ཐག་གླིང་རྒེད་འོག་༤ ནང་ལས་ འདེམས་ངོ་རེ་རེ་ཡོད་རུང་ སེམས་ལྗོངས་རྒེད་འོག་ནང་ལས་ འདེམས་ངོ་མེདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *