རྣམ་འཇོམས་རྒྱས་པའི་ གསུང་ཆོག་དང་བྱབས་ཁྲུས་གནང་ནི།

༉ ནངས་པར་ རང་ཟླ་༧ པའི་ཚེས་༤ ལས་༡༠ ཚུན་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ ལོ་བསྟར་གནང་སྲོལ་ཡོད་མི་ རྣམ་འཇོམས་རྒྱས་པའི་གསུང་ཆོག་གནངམ་དང་འབྲེལ་ བྱབས་ཁྲུས་གནང་ནི་ཨིན་པས།
ཆོས་ཕྱོགས་ཀྱི་ གསལ་བསྒྲགས་དང་འཁྲིལཝ་ད་ བྱབས་ཁྲུས་ཞུ་འདོད་ཡོད་མི་དང་ ལྷག་པར་དུ་ གཟའ་དང་ཀླུ་གིས་གནོད་པའི་ནདཔ་ཚུ་ དྲོ་པའི་ཆུ་ཚོད་༦ ལས་རྫོང་ནང་ འོང་དགོཔ་བཞིན་དུ་ སྔགས་མར་དང་ སྔགས་ཆུ་ཚུ་ཡང་ ཉིན་གྲངས་༧ གྱི་རིང་ གནང་ནི་ཨིན་པའི་གནས་ཚུལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *