ཨ་མོ་ཆུ་ཟམ།

རྡོ་ཕུག་ཅན་ལུ་ སྡོད་མི་ཚུ་གིས་ ཨ་མོ་ཆུ་ཟམ་འགོ་འབྱེད་འབད་ནི་ལུ་ སྒུག་དོ་ཡོདཔ།

༉ བསམ་རྩེ་རྡོ་ཕུག་ཅན་ནམ་ རྡོ་རོ་ཁ་ལུ་ ཚོང་འབྲེལ་འཐབ་སྡོད་མི་ཚུ་གིས་ ཨ་མོ་ཆུ་ཟམ་དེ་ འགོ་འབྱེད་འབད་ནི་ལུ་ སྒུག་དོ་ཡོདཔ་ཨིན་པས།
ཟམ་དེ་ གཞུང་འབྲེལ་ཐོག་ འགོ་འབྱེད་མ་འབད་རུང་ སྤྱི་ཟླ་༦ པའི་ཚེས་༩ ལུ་ བརྟག་དཔྱད་འབད་ཡོད་པའི་ཁར་ སྤྱི་ཚེས་༡༥ ལུ་ མཇུག་བསྡུ་ནི་ཟེར་ གནས་ཚུལ་གོ་བའི་ཤུལ་ལས་ མི་ཚུ་གིས་ ཕུན་ཚོགས་གླིང་ལུ་ རྒྱུན་འགྲུལ་འཐབ་ནིའི་དོན་ལས་ ལག་ལེན་འཐབ་ཡོད་རུང་ འགོ་དཔོན་ཚུ་གིས་ ཟམ་དེ་ལས་ རྒྱུན་འགྲུལ་བཀག་འཛིན་འབད་ཡོདཔ་ཨིན་པས།
ལས་སེལ་ལས་ཁུངས་ཀྱི་ ལས་འགུལ་བཟོ་རིག་འགོ་དཔོན་ ཚེ་རིང་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་རྒྱུན་འགྲུལ་ཚུ་ ཟམ་དེ་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་ཞིནམ་ལས་རྐྱངམ་གཅིག་ གཏང་ནི་ཟེར་ཨིན་པས།
ཟམ་དེ་ སྤྱི་ཚེས་༡༥ ལུ་ མཇུག་བསྡུ་ནིའི་ རེ་བ་ཨིན་རུང་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པས། ཚེ་རིང་དབང་ཕྱུག་གིས་འབད་བ་ཅིན་ རྩི་ནག་གཏང་ནི་དེ་རྐྱངམ་གཅིག་ ལུས་ཡོདཔ་ལས་ ཉིནམ་༢ དེ་ཅིག་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།
རྡོ་ཕུག་ཅན་བ་ཟར་ཌ་རའི ཟ་ཁང་གི་ཇོ་བདག་ བུ་དར་ལེབ་ཅ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ རྡོ་ཕུག་ཅན་གྱི་མི་ བརྒྱ་ཆ་༨༠ དེ་ཅིག་གིས་ ཉོ་ཚོང་གི་དོན་ལུ་ ཕུན་ཚོགས་གླིང་ལུ་ འགྱོ་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ ཐོབ་དོ་བཟུམ་སྦེ་ བསམ་རྩེའི་མི་ཚུ་ལུ་ ཅ་ཆས་ཀྱི་གདམ་ཁ་ འཐོབ་ནི་མེད་པའི་ཁར་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ག་ཅི་ར་ཐོབ་ནི་དེ་གིས་ ཅ་ཆས་ངོ་མ་དང་རྫུས་མའི་ གདམ་ཁ་ཚུ་ཡང་ ཐོབ་ཟེར་ཨིནམ་ལས་ ཨ་མོ་ཆུ་ཟམ་ མཇུག་བསྡུ་མི་དེ་ གནས་ཚུལ་བཟང་པོ་ཅིག་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟམ་དེ་ མཇུག་མ་བསྡུ་བའི་ ཧེ་མ་ཡང་ རྡོ་ཕུག་ཅན་གྱི་ མི་ཚུ་གིས་ ཕུན་ཚོགས་གླིང་ལུ་ ཉོ་ཚོང་འབད་བར་ སོང་ཞིནམ་ལས་ ཅ་ཆས་ཚུ་ ཨ་མོ་ཆུ་ཟམ་དང་གཅིག་ཁར་ཡོད་མི་ སྤྲིངས་ཟམ་དེ་ལས་ ལས་མི་ཚུ་ལུ་ འཐུས་དངུལ་ཀྲམ་༥༠ རེ་སྤྲོད་དེ་ བསྐྱལ་ནི་ཡོད་རུང་ ཁེ་ས་།ང་འདུག་ཟེར་ཨིན་པས།
རྡོ་ཕུག་ཅན་གྱི་ ཚོང་པ་ཚུ་གིས་ སླབ་མིའི་ནང་ དམིགས་བསལ་གྱི་ ཅ་ཆས་ཚུ་ བསམ་རྩེ་ལས་ མཁོ་མངགས་འབད་དོ་ཡོད་རུང་ དེ་ཚུ་ རྒྱ་གར་སི་ལི་གུ་རི་ལས་ འོང་དགོཔ་ལས་ སྒུག་དགོ་པས་ཟེར་ཨིནམ་ད་ རྡོ་ཕུན་ཅན་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༥༤ ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་ལུ་ ཀི་ལོ་མི་ཊར་༦༠ དེ་ཅིག་ཡོད་རུང་ དེ་གིས་ མི་གནོད་ཟེར་ཨིན་པས།
རྡོག་ཕུག་ཅན་གྱི་ཚོང་པ་ དི་པག་སཱན་ཝར་གྱིས་ སླབ་མིའི་ནང་ ཨ་མོ་ཆུ་ཟམ་དེ་ མགྱོགས་པ་ར་ འགོ་འབྱེད་འབད་དགོ་ཟེར་ཨིནམ་ད་ རྡོ་ཕུག་ཅན་ལས་ ཕུན་ཚོགས་གླིང་གི་ འཁོར་ལམ་དེ་ ཀི་ལོ་མི་ཏར་༣༣ དེ་ཅིག་ཁར་ཡོད་མི་ ཧཱལ་ཧ་ལེ་ཟེར་ ཁ་དབྱེ་འགྱོ་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *