མི་སྡེ་ནགས་ཚལ་གྱི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ ཆུ་གཟར་སྒང་ལུ་ མའོ་གཙང་ཆུའི་ ཉེ་འདབས་ལུ་ཡོད་མི་ སྤྱི་འོག་༤ ནང་ ཆུ་རུད་འཐོན་ནིའི་ གནོད་ཉེན་ཡོད་ཟེར་ཨིན་པས།

རྡོ་དང་བྱེམ་གྱི་གོང་ཚད་ ཡར་སེང་འབད་མི་ལུ་ཉོགས་བཤད།

༉ ཀ་ལི་ཁོ་ལའི་ ཆུ་ལམ་བསལ་ནིའི་ལཱ་ཚུ་ ཆུ་གཟར་སྒང་མི་སྡེ་ནགས་ཚལ་གྱིས་ འབད་དོ་ཡོདཔ་ལས་ རྐྱེན་ངན་མར་ཕབ་ཀྱི་ཐབས་ལམ་ རྩ་བརྟན་བཟོ་ཚུགས་ནི་ཨིན་རུང་ ཆུ་འོག་ལས་བཏོན་པའི་ རྒྱུ་ཆས་ཚུ་གི་ གོང་ཚད་ཡར་སེང་སོང་མི་གིས་ ས་གནས་ནང་ལས་ བྱེམ་དང་རྡོ་ཉོ་མི་ཚུ་ལུ་ གནོད་པ་བྱུང་ཡོདཔ་ཨིན་པས།

ཀ་ལི་ཁོ་ལ་དེ་ གསེར་གཞོང་དང་ ཆུ་གཟར་སྒང་རྒེད་འོག་༢ ཀྱི་ མི་སེར་ཚུ་གིས་ བྱེམ་དང་རྡོ་ཚུ་ལེན་སའི་ ས་ཁོངས་གཙོ་ཅན་ཅིག་ཨིན་པས།

ཁོང་གིས་ ན་ཧིང་ཚུན་ བྱེམ་དང་རྡོ་ཚུ་ ཊཱག་དོས་རེ་ལུ་ དངུལ་ཀྲམ་༢,༠༠༠ རེ་སྦེ་ ལེན་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༢༠ ལུ་ ཆུ་གཟར་སྒང་མི་སྡེ་ནགས་ཚལ་གྱིས་ ཆུ་འོག་བསལ་ནིའི་ས་ཁོངས་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ གོང་ཚད་ཚུ་ སེང་ཡོདཔ་ཨིན་པས།

གོང་ཚད་མ་སེང་པའི་ཧེ་མར་ ས་ཁོངས་ནང་ལས་ ཆུ་ལམ་སེལ་བའི་སྐབས་ རྡོ་ཚུ་ སྤུངས་བཞག་ཐོག་ལས་ ཊཱག་དོས་རེ་ལུ་ དངུལ་ཀྲམ་༡,༥༥༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།

ས་གནས་ཀྱི་ མི་སེར་དང་ གསེར་གཞོང་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་ཡར་སེང་ མ་འབད་བའི་ཧེ་མ་འབད་བ་ཅིན་ རྡོ་དང་བྱེམ་ཚུ་ སྤྱོད་འཐུས་དངུལ་ཀྲམ་༥༠ རེ་སྤྲོད་དེ་ ཉོ་འབག་ནི་ཡོད་རུང་ ད་རེས་ གསེར་གཞོང་དང་ ཆུ་གཟར་སྒང་གི་ གྲོང་གསེབ་ནང་སྡོད་མི་ཚུ་གིས་ སྐྱེལ་འདྲེན་གྱི་ གླ་འཐུས་ཚུ་བརྩིས་ཏེ་ ཊཱག་དོས་རེ་ལུ་ དངུལ་ཀྲམ་༣,༥༠༠ རེ་ སྤྲོད་དགོ་པས་ཟེར་ཨིན་མས།

བར་ཤོང་ལས་ སངས་རྒྱས་རྒྱ་མཚོ་གིས་ སླབ་མིའི་ནང་ ཁྱིམ་ནང་ བཟོ་བཀོད་ཆུང་ཀུ་རེ་དང་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་ནིའི་དོན་ལུ་ བྱེམ་དང་རྡོ་ དུམ་གྲ་རེ་དགོཔ་ཐོན་དོ་ཡོདཔ་ལས་ གོང་ཚད་ཡར་སེང་འབད་མི་གིས་ ཐོ་སྦོམ་སྦེ་ར་ ཕོག་མི་ལུ་བརྟེན་ རྒེད་འོག་གིས་ བར་འཛུལ་འབད་དགོཔ་སྦེ་ ཞུ་བ་འབད་དེ་ ཡོད་ཟེར་ཨིན་པས།

གསེར་གཞོང་རྒཔོ་ ཚེ་རིང་གིས་ སླབ་མིའི་ནང་ སྐྱེལ་འདྲེན་གྱི་གླ་འཐུས་དང་ མི་སྡེ་ནགས་ཚལ་གཉིས་ཆ་ར་ལུ་ ཏི་རུ་སྤྲོད་དགོཔ་ལས་ གྲོང་གསེབ་ཀྱི་མི་ཚུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ མི་སྡེའི་ནགས་ཚལ་གྱིས་ བྱེམ་དང་རྡོ་ཚུ་ གོང་ཚད་མར་ཕབ་འབད་དེ་ བཙོང་མ་ཚུགས་པ་ཅིན་ རྒེད་འོག་གི་ མི་སེར་ཚིུ་གི་དོན་ལུ་ ས་ཁོངས་གཞན་ཅིག་ ངོས་འཛིན་འབད་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།

མ་གཞི་ མི་སྡེ་ནགས་ཚལ་གྱི་ ལམ་རིམ་གསརཔ་དེ་གིས་ ཁོང་རའི་འཐུས་མི་ཚུ་ལུ་ ཕན་ཐོགས་བྱུང་རུང་ གཞན་མི་གྲངས་༡,༠༠༠ དེ་ཅིག་ལུ་ གནོད་པ་བྱུང་སྟེ་ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རང་བཞིན་གྱི་ཐོན་སྐྱེད་ཚུ་ མི་སྡེ་ནགས་ཚལ་གྱིས་ བཙུགས་བཙུགསཔ་མེནམ་ལས་ ག་ར་ལུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་བཞག་དགོ་ཟེར་ རྒཔོ་གིས་ སླབ་ཨིན་པས།

གསེར་གཞོང་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དབང་འཛིན་ཚུ་གིས་ དེ་གི་གནོད་སྐྱོན་ཚུ་ ག་དེ་སྦེ་ འབྱུང་དོ་ཡོདཔ་ཨིན་ན་ ལྟ་ཞིབ་འབད་དགོཔ་ད་ གནད་དོན་དེ་ རྫོང་ཁག་ཚོགས་འདུའི་ནང་ ལོ་༢ ཀྱི་རིང་ བྱེལཝ་བྱེལ་སར་ གསུང་གྲོས་གནང་རུང་ རྫོང་ཁག་ནགས་ཚལ་འགོ་དཔོན་ཚུ་ལས་ ངོས་ལེན་ལེགས་ཤོམ་ཅིག་ འཐོབ་མ་ཚུགས་ཟེར་ཨིན་པས།

སྡེ་ཚན་གྱི་ཁྲི་འཛིན་ ཉི་མ་གིས་ སླབ་མིའི་ནང་ ཆུ་གཟར་སྒང་གི་ སྤྱི་འོག་༤ ནང་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ མི་སྡེ་ནགས་ཚལ་གྱི་ སྦ་ཚུ་ཡང་ ལེ་ཤ་ཅིག་ར་ མེདཔ་བཏང་ཡི་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ ཉམས་སྲུང་གི་ཐབས་ལམ་ཚུ་ མ་བཏོན་པ་ཅིན་ ཆུ་རུད་དང་འབྲེལ་བའི་ གནོད་སྐྱོན་ཚུ་ལུ་བརྟེན་པའི་ ཉེན་ཁ་ཚུ་ཡོདཔ་ལས་ དེ་སྦེ་འབད་དགོ་མི་དེ་ ཉམས་སྲུང་གི་ ཐབས་ལམ་ཅིག་ ཨིན་ཟེར་ཨིན་པས།

མི་སྡེ་ནགས་ཚལ་གྱིས་ ཧེ་མ་འབད་བ་ཅིན་ སྦ་ཚུ་རྐྱངམ་གཅིག་བཙོངམ་ཨིན་རུང་ ད་ལས་ཕར་ ཆུ་ལམ་སེལ་བའི་སྐབས་བཏོན་མི་ རྡོ་དང་བྱེམ་ཚུ་ བསྡུ་བསྒྱོམ་འབད་བཞག་སྟེ་ བཙོང་དོ་ཡོདཔ་ཨིན་པས།

ཁྲི་འཛིན་གྱིས་འབད་བ་ཅིན་ རྡོ་དང་བྱེམ་ཚུ་ ཁག་འབགཔ་དང་ གྲོང་གསེབ་ཀྱི་མི་གཉིས་ལུ་ གོང་ཚད་སོ་སོ་ཡོད་ཟེར་ཨིནམ་ད་ དེ་ཡང་ གྲོང་གསེབ་ཀྱི་ མི་འབད་བ་ཅིན་ རྡོ་ཊཱག་རེ་ལུ་ དངུལ་ཀྲམ་༡,༥༥༠ དང་ ཚོང་འབྲེལ་གྱི་དོན་ལུ་འབད་བ་ཅིན་ དངུལ་ཀྲམ་༢,༢༧༠ རེ་སྦེ་ བཙོང་དོ་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *