རྟ་མཆོག་ཟམ།

རྟ་མཆོག་ཟམ་ལས་ ལྕགས་ཐག་ཨར་རྐུན་འབད་མི་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༉ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ བཀྲིས་གཡང་རྩེ་ལས་ཨིན་མི་ སྐྱེས་ལོ་༤༤ ལང་མི་ ཕོ་སྐྱེས་ཅིག་གིས་ སྤ་རོ་ལུ་འགྱོ་སའི་ གཞུང་ལམ་ཁར་ཡོད་མི་ རྟ་མཆོག་ལྷ་ཁང་གི་ ཉེ་འདབས་ཀྱི་ ལྕགས་ཟམ་ལས་ ལྕགས་ཐག་ཨར་རྐུན་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་ གུ་རུ་ཚེ་རིང་གིས་ བྱ་ངན་དེ་ལུ་བརྟེན་ འཛིན་བཟུང་འབད་བའི་ཤུལ་ལས་ ཟླཝ་༡ དང་ཞག་༥ དོ་དམ་ ནང་ སྡོད་པའི་ལྷག་ལུས་ ལོ་༢ དང་ཟླཝ་༡༠ ཞག་གྲངས་༥ བཙོན་ཁང་ནང་ སྡོད་དགོ་མི་དེ་ ཁྲིམས་འཐུས་བཏབ་མ་ཆོགཔ་ ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ གུ་རུ་ཚེ་རིང་གིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ ཟམ་གྱི་ལྕགས་ཐག་༡༨ དང་ཕྱེད་ཀ་ ཨར་རྐུན་འབད་ནུག་ཟེར་ཨིནམ་ད་ ཁོ་གིས་ བྱ་ངན་འབད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ གི་དོན་ཚན་༢༤ ལས་ འགལ་ནུག་ཟེར་ བཀོད་ནུག།

དོན་ཚན་དེ་དང་འཁྲིལཝ་ད་ བྱ་ངན་འབད་མི་དེ་གིས་ རྒྱལ་ཡོངས་ཀྱི་ འགངས་ཅན་ཅ་དངོས་དང་ ལམ་སྲོལ་མེདཔ་བཏང་བའི་ ཉེས་འཛུགས་ཕོག་ཟེར་ ཡོདཔ་ཨིན་པས།

བྱ་ངན་དེ་ དབྱེ་རིམ་༤ པ་ཨིནམ་ལས་ བཙོན་ཁྲིམས་དམའ་ཤོས་ལོ་༣ ལས་ མཐོ་ཤོས་ལོ་༥ ཕོག་ནི་ཨིནམ་ད་ ཁྲིམས་འདུན་གྱིས་ ཉེགས་འཛུགས་ཅན་ལུ་ ཨར་རྐུན་འབད་མི་ལྕགས་ཐག་ཚུ་ གཞུང་ལུ་ སྤྲོད་དགོཔ་ཨིན་པས།

སྤ་རོའི་ ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་ཅན་ལས་ ལྕགས་ཐག་༡༦ དང་ཕྱེད་ཀ་ ལོག་ཐོབ་ཡོད་རུང་ ལྷག་ལུས་ཚུ་ བཙོང་ཡོདཔ་ཨིན་པས།

ཟམ་དེ་ འདས་པའི་ལོ་༥ འི་ཧེ་མ་ལས་ སྒོ་བསྡམས་ཡོད་རུང་ མི་ཚུ་གིས་ ལོ་བསྟར་བཞིན་དུ་ ལྕགས་ཐག་ཚུ་ ཨར་རྐུན་འབད་དེ་ འབག་འགྱོ་དོ་ཡོདཔ་ཨིན་པས།

ཟམ་དེ་ ཡོངས་གྲགས་ལུ་ གྲུབ་ཐོབ་ལྕགས་ཟམ་པ་ཟེར་མི་ ཐང་སྟོང་རྒྱལ་པོ་གིས་ རྐྱབ་ཡོདཔ་ལས་ བྱིན་རླབས་ཅན་སྦེ་ བརྩི་དོ་ཡོདཔ་ད་ ཟམ་དེ་ རྒྱལ་ཁབ་ནང་འཁོད་ལས་ ལྕགས་ཐག་ཚུ་བསྡུ་ཏེ་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *