སྤྱི་ཟླ་༡༢ པའི་ཚེས་༡༦ ལས་འགོ་བཙུགས་ ད་ལྟོ་ཚུན་ ཕུཊ༌བཱོལ་འགྲན་བསྡུར་ཚར་༨ འབད་བའི་ཤུལ་ལས་ མཚམས་འཇོག་འབད་དེ་བཞག་ནུག།

རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་རྩེད་འགྲན་ གནས་སྐབས་ཅིག་མཚམས་འཇོག།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཏེ་ འགྲོ་འགྲུལ་བཀག་དམ་ ཐེངས་༢ པ་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༢༠ གི་ འབྲུག་རྒྱལ་ཡོངས་ཨམ་སྲུ་རྒྱལ་རྟགས་ཕུཊ༌བཱོལ་འགྲན་བསྡུར་དེ་ ཁྱབ་བསྒྲགས་བ་འབད་ཚུན་ཚོད་ མཚམས་འཇོག་འབད་ནུག།

འབྲུག་ཕུཊ༌བཱོལ་ཚོགས་སྡེའི་ འགོ་འདྲེན་ཐོག་ལུ་ སྤྱི་ཟླ་༡༢ པའི་ཚེས་༡༦ ལས་འགོ་བཙུགས་ ད་ལྟོ་ཚུན་ ཕུཊ༌བཱོལ་འགྲན་བསྡུར་ཚར་༨ འབད་ཡོད་རུང་ ནད་ཡམས་ཀྱི་ གནས་སྟངས་དང་འཁྲིལ་ གནས་སྐབས་ཅིག་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།

རྒྱལ་ཡོངས་ཨམ་སྲུའི་ རྒྱལ་རྟགས་ཕུཊ་བཱོལ་འགྲན་བསྡུར་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ མོང་སྒར་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ཆུ་ཁ་ཚུ་བརྩིས་ཏེ་ རྫོང་ཁག་༨ ཀྱི་ སྡེ་ཚན་ཚུ་ཨིན་པས།

རྩེད་འགྲན་དེ་ཡང་ སྤུ་ན་ཁ་ཨྱོན་རིག་པའི་འབྱུང་གནས་ཀྱི་ ཕུཊ་བཱོལ་རྩེད་ཐང་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

འབྲུག་ཕུཊ༌བཱོལ་ཚོགས་སྡེ་ལས་ འགྲན་བསྡུར་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ སློབ་སྟོན་པ་དང་ རྩེད་འགྲན་འབད་མི་ ཨམ་སྲུ་ཚུ་ ད་རེས་ནངས་པར་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭའི་ ཉལ་ཁང་ནང་ ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ བདུན་ཕྲག་གི་ཤུལ་ལས་ གཏང་ནི་ཨིན་རུང་ གཞུང་གིས་ གྲོས་ཐག་བཅད་མི་དང་འཁྲིལ་ འབད་ནི་ཟེར་ཨིན་པས། 

ནད་ཡམས་ཀྱི་ གནས་སྟངས་ལེགས་ཤོམ་འགྱོ་བའི་ཤུལ་ལས་ རྫོང་ཁག་ནང་འཁོད་ཀྱི་ སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་ལོག་འགོ་བཙུགས་ནི་དང་ དྲག་ཤོས་ཐོན་མི་སྡེ་ཚན་དེ་ རྒྱལ་ཡོངས་དྲག་ཤོས་སྦེ་ གདམ་འཐུ་འབད་ནི་ཨིན་ཟེར་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་ལས་ ཀུན་ལེགས་རྡོ་རྗེ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *