རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ རྩོད་བསྡུར་འབད་བའི་བསྒང་།

རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་སྤྱི་མཁས་ཚོགས་ གཞི་བཙུགས་དོན་ལུ་ མང་ཕྱོགས་གན་རྒྱ་ ཆ་འཇོག་འབད་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ག་ར་གིས་ གཅིག་མཐུན་གྱི་ཐོག་ལས་ གོང་འཕེལ་འགྱོ་བའི་བསྒང་གི་ སྐོབས་ཚུད་རྒྱལ་ཁབ་ཚུ་གི་དོན་ལུ་ རྒྱལ་སྤྱི་མཁས་ཚོགས་ གཞི་བཙུགས་དོན་ལུ་ མང་ཕྱོགས་གན་རྒྱ་ ཆ་འཇོག་གྲུབ་གནང་ཡི།
གན་ཡིག་ཆ་འཇོག་མ་འབད་བའི་ཧེ་མར་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ལུ་ རྒྱབ་ཁུངས་ཚུ་གསལ་བཤད་དང་ དོགས་སེལ་ཚུ་ ཞུ་ཡི།
ཕྱི་འབྲེལ་བློན་པོ་གིས་ ཞུ་མིའི་ནང་ གན་ཡིག་དེ་ལུ་བརྟེན་ སྐོབས་ཚུད་རྒྱལ་ཁབ་ཚུ་གིས་ ཚོང་འབྲེལ་གྱི་མཐུན་ལམ་ ལེགས་ཤོམ་བཟོ་ཚུགས་ཟེར་ཨིན་པས།
གན་ཡིག་དེ་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་བསྡུར་ཞིབ་པར་ འབད་བའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ ཚོགས་ཁང་གིས་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ འབྲུག་གིས་ སྤྱི་ལོ་༢༠༠༩ ལས་ གན་ཡིག་དེ་གི་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ཤུལ་ལས་ བར་སྐབས་ཅིག་ཁར་ དེ་སྦེ་ར་ ལུས་ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་ ལོག་བསྐྱར་ཞིབ་འབད་དེ་ རྒྱལ་ཁབ་ཀྱི་ ཕན་ཐབས་ལུ་དམིགས་ཏེ་ གྲོས་བསྡུར་འབད་ཡི་ཟེར་ ཞུ་ཡི།
སྐོབས་ཚུད་རྒྱལ་ཁབ་ཀྱི་དོན་ལུ་ རྒྱ་མཚོ་བརྒྱུད་དེ་ ཚོང་འབྲེལ་འཐབ་དགོ་པ་ཅིན་ གདོང་ལེན་ཚུ་ སེལ་ཐབས་འབད་དགོ་པའི་ཁར་ གན་ཡིག་དེ་གིས་ ང་བཅས་རྒྱལ་ཁབ་ལུ་ ཕན་ཐོགས་ཡོད་རུང་ ཆ་འཇོག་འབད་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ བཅའ་ཁྲིམས་ག་ནི་ཡང་ འཕྲི་སྣོན་འབད་དགོཔ་མིན་འདུག་ཟེར་ ཞུ་ཡི།
གན་ཡིག་དེ་གི་ དྲུང་ཆེན་ཡིག་ཚང་དེ་ མོང་གོ་ལི་ཡ་གི་ རྒྱལ་ས་ལྟེ་བ་ལུ་ གཞི་བཙུགས་འབད་དེ་ཡོདཔ་བཞིན་དུ་ ཡིག་ཚང་དེ་ཡང་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཁས་བླངས་ཀྱི་ཐོག་ལས་ ཞལ་འདེབས་འབད་དོ་ཡོདཔ་ད་ དེ་ནང་ འཐུས་མི་རྒྱལ་ཁབ་༣༡ ཡོདཔ་ཨིན་པས།
གན་ཡིག་དང་འཁྲིལཝ་ད་ གཞི་བཀོད་གསར་པའི་ནང་ རྒྱལ་སྤྱི་མཁས་ཚོགས་ཀྱིས་ ཚོང་དང་འབྲེལ་བའི་གནད་དོན་དང་ ཚོང་འབྲེལ་གྱི་གྲོགས་རམ་འབད་ནི་ དེ་ལས་ སྐྱེལ་འདྲེན་དང་སོར་སྒྱུར་གྱི་སྐོར་ལས་ ཞིབ་འཚོལ་དང་ བརྟག་ཞིབ་ཚུ་འབད་ནི་དང་ ཁྱབ་སྤེལ་འབད་ནི་ དེ་ལས་ འཐུས་མི་རྒྱལ་ཁབ་ཚུ་ལུ་ ཕན་ཐོགས་པའི་གནས་སྡུད་ཚུ་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།
དེ་མ་ཚད་ གན་ཡིག་དེ་གིས་ ཚོང་འབྲེལ་དང་ གཞི་རྟེན་མ་རྩ་ གཞི་བཙུགས་འབད་ནི་ལ་སོགས་པའི་ ལས་སྣ་ཚུ་ནང་ མཁས་ཚོགས་ཀྱིས་ དབྱེ་དཔྱད་འབད་དེ་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཚུ་གི་བར་ན་ མཐུན་འབྲེལ་ཡར་དྲག་ བཟོ་དགོ་ནི་ཨིན་པས།
འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ གདོང་ལེན་ཅན་གྱི་ གནད་དོན་རེ་ཐོན་རུང་ མཐིལ་ཕྱིན་སྦེ་ ཧ་གོ་ཐབས་ལུ་ ཐབས་ལམ་བཏོན་ནིའི་བརྡ་དོན་ཚུ་ བརྗེ་སོར་འབད་ནི་ཨིན་པས།
ཁྲི་འཛིན་གྱིས་ འཛིན་སྐྱོང་མདོ་ཆེན་དང་ མཉམ་འབྲེལ་ཐོག་ལས་ སྐོབས་ཚུད་རྒྱལ་ཁབ་ཚུ་གི་དོན་ལུ་ མ་དངུལ་དང་ འཕྲུལ་རིག་གི་ཐོན་ཁུངས་ཚུ་ འཚོལ་སྒྲུབ་འབད་དགོ་ནི་ཨིན་པས།
གན་ཡིག་དེ་ ད་ལྟོ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཡིག་མཛོད་ཀྱི་གཉེར་པ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *